ཇའི་ཐོན་ལས་དེ་བརྒྱད་ཟིལ་རྫོང་ཁེ་རྡོ་ཡུག་ཤོག་གི་ཕྱུག་འགྱུར་གཅེས་ནོར་དུ་གྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 05-07


ཇ་ཐོན་ལས་དེ་བརྒྱད་ཟིལ་རྫོང་ཁེ་རྡོ་ཡུག་ཤོག་གི་ཕྱུག་འགྱུར་གཅེས་ནོར་དུ་གྱུར།

   ལོ་ལྔ་འགོར་རྗེས་ཇ་ཡི་ཐོན་ལས་ཡོང་འབབ་སྒོར་ཁྲི5000ལ་སླེབས་ཐུབ་པ་དང་། ཇ་འདེབས་ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་སྒོར9000ལས་བརྒལ་ནས་ཇ་ཡི་ཐོན་ལས་དེ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བརྒྱད་ཟིལ་རྫོང་ཁེ་རྡོ་ཡུག་ཤོག་གི་ཞིང་པ་ཕྱུག་པོར་ཆགས་པ་དང་འབྱོར་འབྲིང་སྤྱི་ཚོགས་སུ་སྐྱོད་པའི་གཅེས་ནོར་ཞིག་ཏུ་གྱུར་པ་རེད། ཁེ་རྡོ་ཡུལ་ཤོག་ལ་ཇ་ཡི་ལོ་རྒྱུས་ཡུན་རིང་ཡོད་ལ་རྒྱུ་སྤུས་ཀྱང་ཧ་ཅང་ཡག་པོ་ཡིན་པ་རེད། ལོ་འགའི་རིང་ལ་འདེབས་འཛུགས་དང་གསོ་སྤེལ། འཛུགས་སྐྲུན་བཅས་བྱས་པར་བརྒྱུད། ཡུལ་ཤོག་དེའི་ཇ་ཡི་ཐོན་ལས་འཕེལ་རྒྱས་གཏོང་བའི་ལས་ཀ་དེར་ཐོག་མའི་གཞི་ཁྱོན་ལྡན་པ་དང་ཐོག་མའི་གྲུབ་འབྲས་ཐོབ་ཡོད། མང་ཚོགས་མང་པོས་ཇ་འདེབས་པའི་ལས་ཀའི་ཁྲོད་ཕན་འབྲས་ཆེན་པོ་ཐོབ་ནས་མི་སེར་གྱི་ཧུར་བརྩོན་རང་བཞིན་སྔར་བས་ཇེ་མཐོར་བྱུང་བ་རེད།།

ཇ་ཐོན་ལས་དེ་བརྒྱད་ཟིལ་རྫོང་ཁེ་རྡོ་ཡུག་ཤོག་གི་ཕྱུག་འགྱུར་གཅེས་ནོར་དུ་གྱུར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1