གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༡ཚེས་༠༩ཉིན།

ཧྥ་རན་སིའི་རྒྱལ་ས་ཕ་རི་སི་རུ་མང་ཚོགས་ཁྲི་10ལྷག་མཉམ་འཛོམས་ཐོག་ཕ་རི་སིའི་འཇབ་རྒོལ་དོན་རྐྱེན་ཁྲོད་ཚེ་སྲོག་ཤོར་བའི་འདས་པོ་རྣམས་ལ་མྱ་ངན་ཞུས།

              སྤྱི་ཟླ་1པོའི་ཚེས་7ཉིན། ཧྥ་རན་སིའི་རྒྱལ་ས་ཕ་རི་སི་རུ། མང་ཚོགས་ཁྲི་10ལྷག་ཕ་རི་སི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐང་ཆེན་དུ་འཚོགས་ཏེ། ཁྲ་ལི་གཟའ་འཁོར་དུས་དེབ།ཁང་གི་འཇབ་རྒོལ་དོན་རྐྱེན་ཁྲོད་ཚེ་སྲོག་ཤོར་བའི་འདས་པོ་རྣམས་ལ་མྱ་ངན་ཞུས།


              སྤྱི་ཟླ་1པའི་ཚེས་7ཉིན། ཧྥ་རན་སིའི་རྒྱལ་ས་ཕ་རི་སི་རུ། མང་ཚོགས་ཁྲི་10ལྷག་ཕ་རི་སི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐང་ཆེན་དུ་འཚོགས་ཏེ། ཁྲ་ལི་གཟའ་འཁོར་དུས་དེབ།ཁང་གི་འཇབ་རྒོལ་དོན་རྐྱེན་ཁྲོད་ཚེ་སྲོག་ཤོར་བའི་འདས་པོ་རྣམས་ལ་མྱ་ངན་ཞུ་བཞིན་ཡོད་ལ། གློག་རྡུལ་བརྙན་རིས་ངོས་སུ་འཇིགས་སྐྲག་མ་སྐྱེས་ཞེས་བྲིས་འདུག ཚེས་7ཉིན། ཧྥ་རན་སིའི་ཁྲ་ལི་གཟའ་འཁོར་དུས་དེབ།ཁང་དུ་དྲག་ཆས་སྤྲས་པའི་མི་འགའ་ཞིག་གིས་མེ་མདའ་དང་འཕུར་མདེལ་བརྒྱབས་ཏེ་འཇབ་རྒོལ་བྱས་ཤིང་།ཁྲ་ལི་གཟའ་འཁོར་དུས་དེབ།ཀྱི་རྩོམ་སྒྲིག་པ་གཙོ་བོ་འདུས་པའི་མི་12རྐྱེན་ལམ་དུ་ཤོར་ཡོད་པ་དང་། གཞན་མི་མང་པོ་ཞིག་ལ་རྨས་སྐྱོན་ཕོག་ཡོད་པ་རེད། ཉེན་རྟོག་པས་བཤད་པ་ལྟར་ན། དྲག་སྤྱོད་པ་དག་ཡུལ་དངོས་ནས་བྲོས་བྱོལ་བྱས་ཡོད་ཅིང་། མིག་སྔར་ད་དུང་ཁོ་ཚོའི་ཐོབ་ཐང་གསལ་བོ་ཤེས་མེད་ཟེར། ད་ལྟ་ཕ་རི་སི་རུ་བདེ་འཇགས་དོ་དམ་ཤུགས་ཆེན་བྱེད་བཞིན་ཡོད། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1