ཡོན་ལུང་ཕིང་སྐུ་གཤེགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 05-24



        ཟླ་5པའི་ཚེས22ཉིན་གྱི་ཆུ་ཚོད13དང་སྐར་མ07སྟེང་། རང་རྒྱལ་གྱི་རྒྱུད་འདྲེས་ཆུ་འབྲས་ཀྱི་ཡབ་ཆེན་དང་ཀྲུང་གོའི་བཟོ་སྐྲུན་གླིང་གི་ཡོན་ཧྲི། “སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས”ཐོབ་མཁན་ཡོན་ལུང་ཕིང་ཧུའུ་ནན་ཁྲང་ཧྲ་ནས་སྐུ་གཤེགས་ཤིང་། དགུང་ལོ91ཡིན།
        ཡོན་ལུང་ཕིང་ནི་རང་རྒྱལ་གྱི་རྒྱུད་འདྲེས་ཆུ་འབྲས་ཞིབ་འཇུག་དང་འཕེལ་རྒྱས་གཏོང་མཁན་ཡིན་ལ། འཛམ་གླིང་ཐོག་ཆུ་འབྲས་ཀྱི་རྒྱུད་འདྲེས་ལེགས་ཆ་བདེ་བླག་ངང་བེད་སྤྱོད་བྱེད་ཐུབ་མཁན་གྱི་ཚན་རིག་པ་དང་པོའང་ཡིན་པས།“རྒྱུད་འདྲེས་ཆུ་འབྲས་ཀྱི་ཡབ་ཆེན”ཞེས་བརྗོད་ཀྱི་ཡོད། ད་ལོའི་ལོ་འགོ་བར་ཁོང་གིས་ད་དུང་ཧའེ་ནན་སན་ཡ་ནན་ཧྥན་རྟེན་གཞིར་ཚན་རིག་ཞིབ་འཇུག་ལས་དོན་སྤེལ་བཞིན་ཡོད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1