མཛོད་དགེ་རྫོང་ཁྲིམས་འཛིན་ཅུའུ་ཡིས་འབྲོག་ཁུལ་དུ་ཁྲིམས་ལུགས་དྲིལ་སྒྲག་བྱ་འགུལ་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 05-24


         ཉེ་ལམ། མཛོད་དགེ་ཁྲིམས་འཛིན་ཅུའུ་ཡིས་ཁྲིམས་ལུགས་དྲིལ་བསྒྲགས་ལས་དོན་མི་སྣ་རྩ་འཛུགས་བྱས་ཏེ་ཐག་རིང་གི་འབྲོག་སར་སོང་ནས“ཁྲིམས་ལུགས་ཀྱི་སྲིད་ཇུས་སྐྱེལ་བ་བདུན”གྱི་སྤུས་ཚད་མཐོར་འདེགས་འགུལ་སྐྱོད་སྤེལ་ནས། འབྲོག་ཁུལ་གྱི་ཁྲིམས་ལུགས་དྲིལ་བསྒྲགས་ཞབས་ཞུའི་དཀའ་གནད་སེལ་ཏེ་ཁྲིམས་འཛིན་སྲིད་འཛིན་དཔུང་སྡེའི་སློབ་གསོ་དག་ཐེར་བྱ་བར་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་། 

        མཛོད་དགེ་རྫོང་ཁྲིམས་འཛིན་ཅུའུ་ཡི“ཁྲིམས་ལུགས་ཀྱི་སྲིད་ཇུས་སྐྱེལ་བ་བདུན”དང་། རྟ་ཐོག་ཞབས་ཞུ་རུ་ཁག་ཆུང་བས་འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དངོས་དང་བསྟུན་ནས་འབྲོག་ཁྱིམ་དུ་བསྐྱོད་པ་དང་ཁ་བརྡ་བྱེད་པ་སོགས་ཀྱི་བྱེད་ཐབས་སྣ་མང་སྤྱད་དེ་ཁྲིམས་ལུགས་དྲིལ་བསྒྲགས་ཡག་པོ་བྱས་པ་དང་ཆབས་ཅིག་ཏུ་འབྲོག་པ་མང་ཚོགས་ཀྱི་ཁྲིམས་ལུགས་དྲིལ་བསྒྲགས་ཞབས་ཞུའི་དགོས་མཁོ་བསྡུ་ལེན་བྱས་པ་བརྒྱུད། ཁྲིམས་ལུགས་དྲིལ་བསྒྲགས་དང་མང་ཚོགས་ཀྱི་དོན་དངོས་གནད་དོན་ཐག་གཅོད་ཟུང་འབྲེལ་སྒོས་ཏང་དང་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་དང་ཁྲིམས་ལུགས་ཁྲིམས་སྲོལ་དྲིལ་བསྒྲགས་མང་ཚོགས་ཁྲོད་སྐྱེལ་བ་རེད། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1