རྒྱང་སྐྱོད་ཀྱི་སྙིང་སྟོབས་འཚོལ་ཞིབ་བྱས་ནས། གནམ་ས་བླ་འོག་བསྒྱུར་བའི་འཕོ་འགྱུར་ཉམས་སུ་མྱོང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 06-23



འབོ་ཞབས་གྲོས་ཚོགས་ཀྱི་གནས་གཞི་རྙིང་པའི་འགྱུར་ལྡོག་སྐོར་ཡང་དུ་བཅར་འདྲི་བྱས།


རྒྱང་སྐྱོད་ཀྱི་སྙིང་སྟོབས་འཚོལ་ཞིབ་བྱས་ནས། གནམ་ས་བླ་འོག་བསྒྱུར་བའི་འཕོ་འགྱུར་ཉམས་སུ་མྱོང་།

ཀ། དམར་དམག་འབོ་ཞབས་གྲོང་རྡལ་དུ་ཡོད་དུས།

ཞོགས་པར་སྨུག་པ་ལང་ལོང་དུ་འཕྱུར་བའི་འབོ་ཞབས་གྲོང་རྡལ་ནི་སྦས་ལུང་གི་དཔལ་འགྲན་པའི་རང་བྱུང་མཛེས་ལྗོངས་ལྷུན་གྱིས་གྲུབ། ཉི་གཞོན་དབང་པོ་སྨུག་པ་དྭངས་བ་དང་བསྟུན་ནས་ཤར་རིའི་ཕྲག་ཏུ་འཛུམ་དམུལ་མངོན་པའི་ཉིན་ཞིག་གི་ཞོགས་པར་གསར་འགོད་པ་འབོ་ཞབས་ཚོགས་འདུའི་གནས་གཞི་རྙིང་པ་སྟེ་འབོ་ཞབས་གནམ་བདག་ཆོས་ལུགས་ལྷ་ཁང་དུ་བསླེབས་ཡོད།

1935ལོའི་སྤྱི་ཟླ5པའི་ཚེས29ཉིན་གྱི་དགོང་མོར་དམར་དམག་འབོ་ཞབས་གྲོང་རྡལ་དུ་བསླེབས། ཆར་པ་བབས་ཤིང་གནམ་རུབ་པ་དང་། ལྕགས་ཟམ་ཁ་ཕྱོགས་སུ་འགྲོ་སའི་རི་རྒྱུད་ལམ་འཕྲང་ཚང་མ་གཡང་གཟར་ཡིན་པས་མའོ་ཙེ་ཏུང་དང་དམག་ཚོགས་དམག་དཔུང་གིས་འབོ་ཞབས་ལ་ཞག་སྡོད་བྱ་རྒྱུའི་ཐག་བཅད། འབོ་ཞབས་གནམ་བདག་ཆོས་ལུགས་ལྷ་ཁང་དུ་བསྡད་པས་མ་ཚད། ལྷ་ཁང་ནང་དུ་འབོ་ཞབས་གྲོས་ཚོགས་འཚོགས་པ་རེད།

ཆོས་དཔོན་ཐོག་ཁང་ནི་སོ་ཕག་སྔོན་པོས་བརྩིགས་པའི་ཐོག་བརྩེགས་གཉིས་ཅན་ཞིག་ཡིན་པ་རེད། ཁང་པའི་མདུན་དུ་འཛེང་རྡོ་དཀར་པོའི་རྡོ་རིང་ཐོག་ཏུ་འབོ་ཞབས་གནམ་བདག་ཆོས་ལུགས་ལྷ་ཁང་དང་། བློ་མཐུན་མའོ་ཙེ་ཏུང་གི་བཞུགས་གནས་རྙིང་པ་ལ་སོགས་པའི་ཡི་གེ་བརྐོས་ནས་འདུག ཆོས་དཔོན་གྱི་ཐོག་ཁང་ནང་དུ་གཞུང་ལས་ཁང་གི་ཅོག་ཙེའི་སྟེང་དང་། རྐུབ་སྟེགས། ཆ་སྒམ་སོགས་དམར་དམག་གིས་སྤྱོད་མྱོང་བའི་དངོས་པོ་གོ་རིམ་ལྡན་པའི་ངང་བཤམས་ཡོད། ཤིང་སྐས་ཐོག་ཏུ་དལ་གྱིས་གོམ་པ་སྤོས་ཚེ་ཀེ་ཀྲི་ཀེ་ཀྲི་སྒྲ་གྲགས་ཏེ་ལོ་རྒྱུས་གལ་ཆེན་གླེང་བཞིན་མཆིས།

ཆོས་དཔོན་ལྷ་ཁང་གི་གཡོན་རྒྱབ་ཏུ་སྨི100ཙམ་ཡོད་པ་དེ་ནི་འབོ་ཞབས་དམར་དམག་རྒྱང་སྐྱོད་དྲན་གསོ་ཁང་རེད། འགྲེམས་ཁང་ནང་གི་ཐོག་སོ་དང་པོའི་གྱང་ཐོག་ཝུའུ་གོ་ལིའང་རྒན་རྒོན་གྱིས་གནས་གཞི་རྙིང་པ་སྲུང་སྐྱོང་བྱེད་པ་དང་འབྲེལ་འགྲེལ་བཤད་པ་ལོ30བྱེད་པའི་པར་རིས་ཀྱིས་གསར་འགོད་པའི་མིག་དབང་འཕྲོག པར་རིས་ཁྲོད་ཀྱི་ཝུའུ་གོ་ལེའང་ནི་གསར་འགོད་པས་ད་ཐེངས་བཅར་འདྲི་བྱེད་པའི་མི་སྣ་གཙོ་བོ་དེ་རེད།

ཝུའུ་གོ་ལིའང་ནི1932ལོའི་དཔྱིད་ཀར་འབོ་ཞབས་ནས་སྐྱེས་པའི་མི་ཡིན་པ་དང་། འབོ་ཞབས་གྲོས་ཚོགས་ཚོགས་སྐབས་ཁོང་ལོ་གསུམ་ཡས་མས་ཡིན། ཨ་མ་ནི་འབོ་ཞབས་གནམ་བདག་ཆོས་ལུགས་ལྷ་ཁང་གི་ཆོས་གྲོགས་ཡིན་པས།ཝུའུ་གོ་ལིའང་ཆུང་དུས་ནས་ཆོས་ཁང་གི་མཐའ་སྐོར་ནས་ནར་སོན་པ་རེད། ལོ་དེར་དམར་དམག་འབོ་ཞབས་གྲོང་རྡལ་དུ་སླེབས་སྐབས། ཝུའུ་གོ་ལིའང་གི་ཨ་མས་ཏག་ཏག་གནམ་བདག་ཆོས་ཁང་དུ་ལས་ཀ་བྱེད་བཞིན་ཡོད།

ཝུའུ་གོ་ལིའང་གིས་གསར་འགོད་པར་ཨ་མས་ང་ལ་མའོ་ཀྲུའུ་ཞིས་ཉེན་སྲུང་པར་ང་ཚོས་དུས་དང་རྣམ་པ་ཀུན་ཏུ་མི་དམངས་མང་ཚོགས་ལ་སེམས་ཁུར་བྱེད་དགོས་པ་དང་ངའི་རྟ་ནད་པར་བཞོན་བཅུག་རེད་ཅེས་བཤད་པ་དངོས་སུ་ཐོས་མྱོང་ཡོད་ཅེས་བཤད། སྐབས་དེའི་ཆོས་ཁང་ནི་དམར་དམག་གི་རྨས་མ་སྐྱོབ་སའི་གནས་སྐབས་སྨན་ཁང་དུ་གྱུར། ཆ་རྐྱེན་ཧ་ཅང་ཞན་པས་དམར་དམག་མང་ཆེ་བ་ལྟོ་བ་མི་རྒྱགས་པ།མཚན་མོ་ཡང་ལམ་ཟུར་ནས་ཉལ་དགོས།

ཝུའུ་གོ་ལིའང་གིས་ད་དུང་ཞིབ་བསྡུར་བྱས། ལོ་དེར་ལོག་སྤྱོད་ཀྱི་དྲིལ་བསྒྲགས་ཀྱིས་གོ་ནོར་ཐེབས་སུ་བཅུག་པས། འབོ་ཞབས་གྲོང་རྡལ་གྱི་མང་ཚོགས་ཀྱིས་དམར་དམག་གྲོང་རྡལ་དུ་སྐྱོད་སྐབས་མྱུར་དུ་བྲོས་རྒྱུ་ཡིན་པ་ཤེས། བྲོས་བྱོལ་དུ་སོང་བའི་ཡུལ་མི་ཚོར་ཁ་ཏ་བྱ་ཆེད་དམར་དམག་གིས་ས་གནས་དེ་གའི་ཡུལ་སྐད་ཐོག་ནས་གོ་བདེ་ཤེས་སླའི་དྲིལ་བསྒྲགས་སྦྱར་ཡིག་བྲིས་ཏེ་ཡུལ་མི་ཚོའི་འཇིགས་སྣང་དང་དོགས་པ་བསལ་བ་རེད། འབྲེལ་གཏུག་བྱས་ནས་ཤེས་རྟོགས་བྱུང་དོན། དམར་དམག་འབོ་ཞབས་ནས་བྲལ་སྐབས། ས་གནས་དེ་གའི་མི་སེར་ཚོས་མ་སྐུལ་དང་བླངས་ཀྱིས་འབྲུ་དང་ཤ་ལ་སོགས་པ་བྱིན་པར་མ་ཟད། དམར་དམག་དང་ཁ་འབྲལ་མི་བསམ་པ་བཅས་བྱས་མྱོང་བ་རེད།

རྒྱང་སྐྱོད་ཀྱི་སྙིང་སྟོབས་འཚོལ་ཞིབ་བྱས་ནས། གནམ་ས་བླ་འོག་བསྒྱུར་བའི་འཕོ་འགྱུར་ཉམས་སུ་མྱོང་།

ཁ། བརྗེད་ཐབས་བྲལ་བའི་དཀའ་ཚེགས་ཀྱི་ལོ་ཟླ།

ཝུའུ་གོ་ལིའང་གིས་དམར་དམག་འབོ་ཞབས་ལ་བསྡད་པའི་གཏམ་རྒྱུད་གླེང་རྗེས།རང་ཉིད་ཀྱི་ལོ་རྒྱུས་བཤད་མགོ་ཚུགས།ཁོང་ནི་ཁྱིམ་མིང་སྲིང་བཞིའི་ནང་ནས་གསུམ་པ་དེ་ཡིན་ཞིང་། ཁོང་ལ་གཅེན་པོ་གཉིས་དང་གཅུང་མོ་གཅིག་ཡོད་ཅིང་། ཝུའུ་གོ་ལིའང་གིས་གཉེན་སྒྲིག་བྱས་རྗེས་རང་ཉིད་ཀྱིས་ཀྱང་བུ་ཕྲུག་བཞི་གསོས་ཡོད།

ཝུའུ་གོ་ལིའང་གིས་སྔར་ལྟོ་བ་མི་རྒྱགས་པའི་འཚོ་བར་ཕྱིར་དྲན་བྱེད་སྐབས་སེམས་པ་ཏོག་ཙམ་སྐྱོ་མོད། འོན་ཀྱང་རང་གི་བུ་ཕྲུག་རྣམས་འབོ་ཞབས་གྲོང་རྡལ་གྱི་ན་ཟླ་ཚོ་དང་བསྡུར་ཚེ་འཚོ་བ་སོགས་གང་ཐད་ནས་ཅུང་ཡག་ཤོས་ཀྱི་གྲས་སུ་ཡོད། རྒྱུ་མཚན་ནི་བུ་ཕྲུག་ཚོའི་ཨ་མས་ནམ་རྒྱུན་གནམ་བདག་ཆོས་ལུགས་ཀྱི་ཆོས་ཁང་དུ་ལས་ཀར་འགྲོ་བཞིན་ཡོད་པས་ཆོས་ཁང་དུ་སྤྲད་པའི་ལྟོ་ཆས་རྣམས་གྲོན་ཆུང་བྱས་ནས་ཁྱིམ་དུ་འཁྱེར་ཡོང་བས་རེད། དེའི་རྗེས་ནས་ཝུའུ་གོ་ལིའང་གི་བཟའ་ཟླ་ཡང་ལྟོ་བ་སྐོང་མི་ཐུབ་པས་ཞིང་བདག་གི་གཡོག་པོར་བཏང་ཡོད།

ཝུའུ་གོ་ལིའང་གིས་གསར་འགོད་པར་སྐབས་དེར་ལྟོ་བ་མི་རྒྱགས་པར་མ་ཟད་སྡོད་ཁང་གི་ཐད་ལའང་དཀའ་ངལ་ཧ་ཅང་ཆེ། ངའི་ཁྱིམ་གྱི་ཁང་པ་ནི་རྡོ་ཁང་ཐབས་ཆག་ཤིག་གི་སྟེང་དུ་འདམ་པ་བཏིང་ཡོད་པ་ཞིག་ཡིན་ལ།ཁང་པའི་ནང་དུ་ཀ་བ་གཅིག་ལས་མེད་པ་ཞིག་ཡིན་ཞེས་བཤད།

ཟ་སྡོད་ཐད་ལ་དཀའ་ངལ་འདི་འདྲ་ཆེ་བས་འགྲིམ་འགྲུལ་ཐད་ལ་དེ་བས་ཀྱང་སྨོས་ཅི་དགོས།སྐབས་དེའི་འབོ་ཞབས་གྲོང་རྡལ་གྱི་འགྲོ་འོང་ཚང་མ་ནི་ཀྱག་ཀྱོག་གི་ལམ་འཕྲང་ཞིག་ལ་བརྟེན་དགོས་ཅིང་།འབོ་ཞབས་ནས་གདན་ཐོག་བར་སོང་དུས་འབྲེང་ཟམ་བརྒྱུད་ནས་འགྲོ་དགོས་པས་ཉེན་ཁའི་གནས་སུ་ལྷུང་ཡོད།ཝུའུ་གོ་ལིའང་གི་བཟའ་ཟླ་ས་བདག་གི་ཁྱིམ་དུ་གླ་པ་བྱེད་བཞིན་ཡོད་ཅིང་།ཕྱིར་བུ་ཕྲུག་ཚོར་ལྟ་སར་ཡོང་དུས་འབྲེང་ལམ་བརྒྱུད་ནས་ཡོང་དགོས་པས་ཁྱིམ་དུ་སྐྱོད་ཐེངས་རེར་ཚེ་སྲོག་ལ་ཉེན་ཁ་ལྡན།

བཅིངས་འགྲོལ་བཏང་རྗེས་འབོ་ཞབས་གྲོང་རྡལ་གྱི་འཚོ་བ་ཅུང་ཡག་པོར་ཆགས་ཡོད་ཀྱང་ལྟོ་གོས་ཀྱི་ཆེད་དུ་ཝུའུ་གོ་ལིའང་གིས་ཤིང་བཟོ་སྦྱངས་ཡོད། མ་གཞི་ཤིང་བཟོ་ལག་རྩལ་ལ་བརྟེན་ནས་འཚོ་ཐབས་བྱེད་རྩིས་ཡོད་ཀྱང་།བསམ་བློ་ཞིབ་མོར་བཏང་རྗེས་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་དམག་ལ་ཞུགས་ཡོད། ཝུའུ་གོ་ལིའང་དམག་མི་བྱས་རྗེས།ཁྱིམ་གྱི་ངལ་རྩོལ་མི་ལག་མི་འདང་བས་ཕ་མ་གཉིས་པོས་རང་འཐག་ཞིག་ལ་བརྟེན་ནས་འཚོ་ཐབས་བྱས།མ་རྨོས་ལོ་ཏོག་འཐག་སར་ཡོང་མཁན་ཚོས་མ་རྨོས་ལོ་ཏོག་ཁུག་མ་གང་རེའི་འཐག་ཡོན་ལ་མ་རྨོས་ལོ་ཏོག་དཀར་ཡོལ་གང་རེ་སྤྲད།

1952ལོར།དམག་དཔུང་གིས་ཐུན་མོང་ཐོག་ལས་གནས་བགོས་ནས་ཝུའུ་གོ་ལིའང་རོང་བྲག་རྫོང་ལྷང་ཚེར་གཏེར་ཁའི་བཟོ་པ་ཞིག་ཏུ་གྱུར་ཡོད།རོང་བྲག་ལ་ལོ14རིང་ལས་དོན་བསྒྲུབ་རྗེས་ཝུའུ་གོ་ལིའང་མཐར་ཕ་ཡུལ་འབོ་ཞབས་ཏུ་ལོག་ཡོད། སྐབས་དེར་སོ་ཕག་ལས་བརྩིགས་པའི་ཁང་རྙིང་དེ་སྔ་དང་བསྡུར་ན་ཅུང་ཡག་པོ་གྱུར་ཡོད་ཀྱང་། འོན་ཀྱང་ཆ་རྐྱེན་སྔར་བཞིན་ཐབས་ཆག་གི་གནས་སུ་ལྷུང་ནས་ཡོད།

ཁྱིམ་དུ་ལོག་མ་ཐག་པའི་ཝུའུ་གོ་ལིའང་ལ་མཚོན་ན་ཁ་ལག་ཟ་རྒྱུ་ནི་དཀའ་ངལ་ཆེ་ཤོས་ཡིན་ཞིང་།སྐབས་དེར་འབྲུ་རིགས་བཟའ་དགོས་བསམས་ན་ངེས་པར་དུ་ཀུང་ཧྲེའི་མཛོད་ཁང་དུ་མི་གྲངས་ལྟར་འབྲུ་རིགས་ཉོ་དགོས། ཕག་ཤ་ཟ་འདོད་ན་མཁོ་སྤྲོད་ཁང་དུ་སོང་ནས་རྒྱ་མ་གང་རེར་སྒོར1.8ཀྱི་བསྙལ་ཤ་ཉོ་དགོས།

ལོ་རབས80པའི་དུས་མགོར།ཝུའུ་གོ་ལིའང་ཞེས་པའི་མིང་དེ་ལ་མིང་གསར་པ་ཞིག་བཏགས་ཡོད་པ་སྟེ།འོས་འགན་འགྲེལ་བཤད་པ་དང་ཐོན་སྐྱེད་རུ་ཁག་དང་ཡུལ་དམག་གི་ལྡིང་དཔོན་ཞེས་འབོད། དེའི་ནང་འོས་འགན་འགྲེལ་བཤད་པ་ཞེས་པའི་མིང་དེ་ཝུའུ་གོ་ལིའང་གིས་རང་མོས་ངང་འབོ་ཞབས་ཚོགས་འདུའི་གནས་ཡུལ་རྙིང་པ་ལོ30ཡི་རིང་སྲུང་རིང་ལ་ཐོབ་པ་དང་།ཐོན་སྐྱེད་རུ་ཁག་དང་ཡུལ་དམག་ལྡིང་དཔོན་གྱི་འབོད་མིང་ནི་ཝུའུ་གོ་ལིའང་གིས་འབོ་ཞབས་གྲོང་རྡལ་ལ་སྣེ་ཁྲིད་ནས་དངོས་དོན་སྒྲུབ་པ་དང་།ཚད་ངེས་ཅན་ཞིག་གི་ཐོག་ནས་ཚང་མའི་ལྟོ་གོས་དཀའ་བའི་གནད་དོན་ཐག་གཅོད་བྱས་ནས་ཐོབ་པས་རེད།

ཝུའུ་གོ་ལིའང་གིས་ལོ་དྲུག་རིང་ཐོན་སྐྱེད་རུ་ཁག་དང་ཡུལ་དམག་གི་ལྡིང་དཔོན་གྱི་འགན་བཞེས་ཡོད། ལོ་དྲུག་རིང་ལྕགས་ཟམ་རྫོང་གི་འབོ་ཞབས་གྲོང་རྡལ་དེ་ཡུལ་དངོས་ཚོགས་འདུ་འཚོགས་ཡུལ་ཐེངས་གཉིས་ལ་བདམས་ཡོད། ཝུའུ་གོ་ལིའང་གིས་གསར་འགོད་པར་ཐེངས་ཤིག་ལ་ཡུལ་དངོས་སུ་ཚན་རིག་དང་མཐུན་པའི་སྒོ་ནས་མྱུ་གུ་བཏབ་པ་དང་ཐེངས་ཤིག་ལ་ཡུལ་དངོས་སུ་ཞོག་ཁོག་བཏབ་ནས་ཚང་མའི་བཟའ་འབྲུའི་གནད་དོན་ཐག་གཅོད་བྱས་ཡོད་ཅེས་བཤད།

སྐབས་དེ་དུས་ཀྱི་ཐོན་སྐྱེད་རུ་ཁག་གི་སྣེ་ཁྲིད་མཁན་ཝུའུ་གོ་ལིའང་གིས་ཡུལ་དངོས་སུ་ཚོགས་འདུ་ཐེངས་གཉིས་འཚོགས་པའི་གོ་སྐབས་སུ་བཟུང་ནས་ཡུལ་མི་ཚོས་འབྲས་དང་ཞོག་ཁོག་གསར་པ་བཏབ་པས་མ་ཚད་དེ་འབྲེལ་གྱི་ཚོད་ལྟ་བྱ་རྒྱུར་སྐུལ་སློང་དང་ལྕག་སྐུལ་བྱས་ཡོད། བརྩོན་འགྲུས་ལྡན་ན།མི་འགྲུབ་བྱ་བ་མེད་ཅེས་པ་ལྟར་ཚོད་ལྟ་བྱས་པར་གྲུབ་འབྲས་ཆེན་པོ་ཐོབ་ནས་ཡུལ་མི་ཚོར་ཕན་པ་ཐོབ་ཡོད།

སྐབས་དེའི་ཁང་མིག5དང་ཕྱུགས་རིགས་གསོ་ཚགས་བྱ་ཡུལ4ཡོད་པའི་ཤིང་ཁང་དེ་ནི་ཝུའུ་གོ་ལིའང་གི་སྡོད་གནས་ཁང་པ་ཡིན་ཞིང་། སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་ཁོང་གི་ཁྱིམ་གྱི་འཚོ་བ་ཡང་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་གི་ཡོད་པ་དང། དེང་སང་ཁང་པ་ཡོད་པར་མ་ཟད་ལྟོ་གོས་ཐད་སེམས་ཁྲལ་བྱ་མི་དགོས་པས་ཝུའུ་གོ་ལིའང་བློ་ཡིད་ཚིམ་པོའི་ངང་བསྡད་ཡོད་པ་རེད།།

རྒྱང་སྐྱོད་ཀྱི་སྙིང་སྟོབས་འཚོལ་ཞིབ་བྱས་ནས། གནམ་ས་བླ་འོག་བསྒྱུར་བའི་འཕོ་འགྱུར་ཉམས་སུ་མྱོང་།
         
ག། འཚོ་བ་རྒྱས་ནས་སེམས་པ་རེ་བས་ཁེངས།

ད་ཆ་འབོ་ཞབས་ཡུལ་མིའི་ཟ་སྡོད་ཀྱི་ཆ་རྐྱེན་ནི་སྐབས་དེ་དུས་ཀྱི་ཞིང་བདག་གི་འཚོ་བ་ལས་ཀྱང་བཟང་།ལྟོ་བ་མི་རྒྱགས་པ་དང་སྡོད་གནས་ཡག་པོ་མེད་པ་དེ་སྔོན་ཆད་ཀྱི་རྣམ་པ་ཞིག་ཏུ་གྱུར་ཡོད།ལོ་དེ་དག་གི་ནང་ཝུའུ་གོ་ལིའང་ལ་འབོ་ཞབས་གྲོང་རྡལ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་ཐད་མྱོང་ཚོར་ཟབ་མོ་བྱུང་ཡོད། གྲོང་རྡལ་དེའི་གངས་དཀར་ལམ་ཆེན་དུ་མོ་ཧྲུའེ་ཆུ་ངོགས་གནས་ཚང་ཞེས་པའི་མགྲོན་ཁང་ཞིག་ཡོད་པ་དེ་ནི་ཝུའུ་གོ་ལིའང་ཚང་གི་རེད།

རྡོ་ཁང་ཐབས་ཆག་ཅིག་ནས་སོ་ཕག་གི་ཁང་པ། དེ་ནས་ཤིང་སྒྲོམ་ཁང་ནས་དེང་རབས་ཁང་གསར་བརྒྱབ་པ་ནི་ཝུའུ་གོ་ལིའང་ཚང་གི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཞིག་ཡིན་ཞིང་།མོ་ཧྲུའེ་ཆུ་ངོགས་གནས་ཚང་དེ2014ལོར་བསྐྲུན་ནས་ཐོག་མར་བོགས་མར་བཏང་བའི་རྣམ་པའི་ཐོག་ནས་ལས་གཉེར་བྱས་ཏེ་ལོ་གཅིག་ལ་བོགས་དངུལ་སྒོར་ཁྲི10ལྷག་ཙམ་བསྡུ་ཐུབ་ཀྱི་ཡོད། དོ་དམ་སྟབས་བདེ་ཡོང་ཆེད།ད་ལོར་ཝུའུ་གོ་ལིའང་རང་གིས་གཉེར་སྐྱོང་བྱེད་བཞིན་ཡོད།

མོ་ཧྲུའེ་ཆུ་ངོགས་གནས་ཚང་གི་སྒོ་འགྲམ་དུ་དམག་མི་དཀྱུས་མའི་གཟི་བརྗིད་མཚན་སྙན་བཀལ་ཡོད། སྒོ་ནང་དུ་འཛུལ་མ་ཐག་ར་སྐོར་ལས་གྲུབ་པའི་སྒོ་རའི་ནང་དུ་མེ་ཏོག་སྣ་ཚོགས་བཞད་ཡོད། ཝུའུ་གོ་ལིའང་གིས་ངོ་སྤྲོད་བྱས་པར་གཞིགས་ན།གནས་ཚང་དེར་ཁང་མིག30ཡོད་པས་འགྲུལ་པ་སྡོད་པའི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད།

ཝུའུ་གོ་ལིའང་གིས་ཁྱིམ་གྱི་བདེ་སྐྱིད་ལྡན་པའི་འཚོ་བའི་སྐོར་གླེང་སྐབས་གསར་འགོད་པར་དུས་རབས20པའི་དུས་མཇུག་གི་ཉིན་ཞིག་ལ།ངས་ད་དུང་སྔར་བཞིན་འོས་འགན་འགྲེལ་བཤད་པ་བྱེད་ཀྱིན་ཡོད།ཡུལ་སྐོར་བ་ཞིག་གིས་ངའི་ཡོང་འབབ་ཤེས་རྗེས་སྒོར50སྤྲད་བྱུང་། སྐབས་དེ་དུས་ཀྱི་སྒོར50ནི་ང་ལ་མཚོན་ན་དངུལ་འབོར་ཆེན་ཞིག་ཡིན་པས་ངས་སེམས་འགུལ་ཆེན་པོ་ཐེབས་ནས“Thank You”ཞེས་དབྱིན་སྐད་ཚིག་གཅིག་བཤད་པ་ཡིན། ཅི་བསམ་འདི་དྲན་མེད་པར་ཡུལ་སྐོར་བས་སྐད་ཆ་དེ་ཐོས་མ་ཐག་སྤྲོ་སྣང་གིས་ཁེངས་ཤིང་།ང་ལ་དབྱིན་སྐད་ཚིག་ཁ་ཤས་ཤོད་དགོས་པའི་རེ་བ་བཏོན་བྱུང་བས་ངས་ཀྱང་དབྱིན་ཡིག་ཚིག་བཞི་སྤྱད་པར་སྒོར200བྱིན་བྱུང་ཞེས་བཤད།

ཝུའུ་གོ་ལིའང་གིས་བསྡོམས་པས་སྒོར250རག་ཡོད། ཤོག་སྒོར་ཚང་མ་གསར་པ་གསར་རྐྱང་ཡིན་ཞིང་།ཁོང་གིས་སྐབས་དེ་དུས་ཀྱི་གནས་ཚུལ་ལ་ཕྱིར་དྲན་བྱེད་སྐབས་ངོ་གདོང་ལས་སྤོབས་སེམས་ཀྱིས་ཁེངས་ཤིང་།ལོ་རབས་དེའི་ནང་དུ་སྟབས་བདེའི་སྒོ་ནས་ཡོང་འབབ་སྒོར250རག་པ་ནི་དངོས་གནས་འཇོན་ཐང་ལ་བརྟེན་ནས་བྱུང་བ་ཞིག་རེད་བསམ། འབོ་ཞབས་གྲོང་རྡལ་འཕེལ་རྒྱས་ཕྱིན་པ་དང་གསར་བརྗེའི་ཡུལ་སྐོར་འཕེལ་རྒྱས་ཕྱིན་པས་ཡུལ་སྐོར་བ་ཇེ་མང་དུ་འགྲོ་བཞིན་ཡོད། ངས་དབྱིན་སྐད་ཅུང་ཤེས་པ་ནི་ཡུལ་སྐོར་བ་རེ་རེའི་ས་ནས་སྦྱངས་པ་ཡིན་ཞེས་བཤད།

ལོ་དེར་སྟབས་བདེའི་སྒོ་ནས་ཡོང་འབབ་སྒོར250རག་ཡོད།ད་ཆ་ཟླ་རེར་དམག་ཞབས་ཐིམས་པའི་ཁ་གསབ་སྒོར1500སྤྲོད་ཀྱི་ཡོད་པར་མ་ཟད།ད་དུང་བུ་ཕྲུག་ཚོས་ལྟ་རྟོག་གང་ལེགས་བྱེད་བཞིན་ཡོད་པས་དངོས་གནས་སྐྱིད་པོ་འདུག་ཅེས་སྤྲོད་དགའི་ཁེངས་ཤིང་དེ་ལྟར་བརྗོད། ཁོང་གིས་ད་ཆའི་འཚོ་བ་ཡག་པོ་ནི་ལས་སླ་པོར་བྱུང་བ་ཞིག་མིན་པས་གཅེས་སྤྲས་དང་དྲིན་ཚོར་ཤེས་དགོས་ཞེས་བཤད། དེའི་ཕྱིར།ནམ་རྒྱུན་ཁོམ་ལོང་ཅུང་ཙམ་བྱུང་ན།ཁོང་གིས་གླུ་རྙིང་གསར་དུ་ལེན་པའི་ཚུལ་གྱིས་སེམས་ཀྱི་བཀའ་དྲིན་དྲན་པའི་བསམ་པ་མཚོན་པར་བྱས།

རང་རེའི་ཏང་གི་དམག་འཐབ་ཀྱི་བརྒྱུད་རིམ་ནང་བདེ་སྐྱིད་ལྡན་པའི་ཀྲུང་གོ་གསར་པ་འཛུགས་སྐྲུན་བྱེད་པར་ང་ཚོས་ཁེངས་སྐྱུང་ངང་སློབ་སྦྱོང་དང་།མང་ཚོགས་ལ་མཐུན་སྒྲིལ།མི་དམངས་ལ་ཞབས་འདེགས་ཞུ་བ་སོགས་བྱེད་དགོས་ཞེས་པ་དེ་ནི་ཝུའུ་གོ་ལིའང་གིས་ལེན་རྒྱུར་དགའ་ཤོས་བྱེད་པའི་གླུ་གཞས་ཤིག་རེད།ཁོང་གིས་གླུ་ཚིག་དེ་ནི་རང་ཉིད་ཀྱི་མི་ཚེའི་བརྒྱུད་རིམ་དང་ཧ་ཅང་འཚམ་པོ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།གང་ལགས་ཤེ་ན།ཏང་ཡོད་པས་རེད།

ཏང་དབུ་བརྙེས་ནས་ལོ100འཁོར་བའི་སྐབས་སུ་ཡུལ་སྡེ་དར་རྒྱས་གཏོང་བའི་དུང་བརྡ་བཏང་ཟིན་པ་དང་ཝུའུ་གོ་ལིའང་གིས་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་རྒྱུར་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད། ཁོང་གིས་འབོ་ཞབས་པའི་རང་ཁྱིམ་གྱི་སྒོ་འགྲམ་དུ་ལངས་ནས་གོ་ལ་ཧྲིལ་པོར་ལྟ་བའི་བསམ་གཞིག་བྱས་ཏེ་ས་གནས་དེ་གའི་ཡུལ་སྐོར་ཐོན་ཁུངས་གང་ལེགས་སྤྱད་དེ་འབབ་འཕར་ཕྱུག་འགྱུར་དང་ཆབས་ཅིག་རྒྱལ་ཁབ་འཕེལ་རྒྱས་ཆེད་ལེགས་སྐྱེས་འབུལ་རྒྱུའི་རེ་བ་བྱེད་ཀྱི་ཡོད།

ཤེས་མེད་ཚོར་མེད་ངང་བཅར་འདྲི་ཚར་ལ་ཉེ། ཝུའུ་གོ་ལིའང་གིས་གསར་འགོད་པ་དང་ཁ་བྲལ་བ་དང་གོམ་སྟབས་དལ་ཡང་གོམ་པ་རེ་རེ་བརྟན་པོ་སྤོས་ཡོད། མོ་ཧྲུའེ་ཆུ་ངོགས་གནས་ཚང་གི་སྒོ་ཆེན་ནས་ཕྱིར་ཐོན་སྐབས།ཝུའུ་གོ་ལིའང་གི“Welecome To MoXi”ཞེས་པའི་ཚིག་དེ་རེད། གསར་འགོད་པར་སེམས་འགུལ་ཆེན་པོ་ཐེབས་ཡོད། གང་ལགས་ཤེ་ན།སྐད་ཆ་དེའི་རྒྱབ་ཏུ་གྲོང་རྡལ་ཆུང་ངུ་ཞིག་ཏུ་བསྡད་ནས་ལོ་བཅུ་ཕྲག་ཁ་ཤས་སོང་རིང་གི་འགྱུར་ལྡོག་ཞིག་ཡིན་ལ་རྒན་རྒོན་ཞིག་གིས་འདས་ཟིན་པའི་ལོ་ཟླར་ཁས་ལེན་བྱས་པ་ཞིག་དང་ད་དུང་འབྱུང་འགྱུར་ལ་བཅངས་པའི་མཛེས་སྡུག་གི་ཕུགས་འདུན་ཞིག་ཀྱང་ཡིན་པས་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1