བོད་ལྗོངས་ཀྱིས་ཡུལ་གཞན་དབུལ་སྐྱོར་གྱི་བཀོད་སྒྲིག་སྡོད་ཁང་ཁྲི6ལྷག་བསྐྲུན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 06-25




        བདེ་སྡོད་བྱུང་ན་གཞི་ནས་ལས་བརྩོན་ཡོང་ཐུབ། 2016ལོ་ནས་བཟུང་བོད་ལྗོངས་ཀྱིས་དབུལ་སྐྱོར་དབུལ་ཐར་དམིགས་ཚད་དུ་བྱས་པའི་ཡུལ་གཞན་གནས་སྤོར་བྱེད་ཤུགས་ཆེ་རུ་བཏང་ཞིང་། 2020ལོའི་ལོ་མཇུག་བར་ས་བབ་ཅུང་དམའ་བ་དང་ཐོན་སྐྱེད་དང་འཚོ་བར་འཚམ་པའི་ས་ཁུལ་དུ་དབུལ་སྐྱོར་གནས་སྤོ་བྱ་ཡུལ964བསྐྲུན་པ་དང་བཀོད་སྒྲིག་སྡོད་ཁང་ཁྲི6ལྷག་བསྐྲུན་པར་མང་ཚོགས་ཁྲི26.6རང་མོས་ངང་སྡོད་ཁང་གསར་བའི་ནང་གནས་སྤར། ལེ་ལག་ཚང་བའི་གྲོང་ཚོའི་གཞུང་ལམ་སྤྱི་ལེ1891བསྐྲུན་པ་དང་། ཆུ་འབུད་མདོང་དྲ་སྤྱི་ལེ1882། གློག་དྲ་སྤྱི་ལེ2828། བུ་བཅོལ་ཁང342། འཕྲོད་བསྟེན་ཁང303། གྲོང་ཚོ་རིམ་པའི་བྱ་འགུལ་སྤེལ་ཡུལ510བཅས་བསྐྲུན་ཡོད།


གཡོན་པར་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་སྤང་མདའ་ཤང་འབུམ་ནས་གྲོང་ཚོའི་གྲོང་མིས་སྡོད་ཁང་གསར་པའི་མདུན་དུ་པར་ལེན་བཞིན་པ། གཡས་པར་ནི་སྨར་ཁམས་རྫོང་གི་བཀོད་སྒྲིག་ཁུལ་གྱི་ཟུར་ཞིག་རེད། 

        དེ་དང་ཆབས་ཅིག་ཏུ2008ལོ་ནས་བཟུང་། ཀྲུང་དབྱང་སྲིད་གཞུང་གིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར36.18བཏང་ནས་བོད་ལྗོངས་ཀྱི་ཚགས་འཛུགས་བྱང་སྒྲིག་དུད་ཚང་དབུལ་པོ་དང་། ཞིང་སྡེའི་མ་མཐའི་འཚོ་བ་འགན་ལེན་དུད་ཚང་། ཁ་ཐོར་དང་གཅིག་སྡུད་བསྙེན་བཀུར་བྱ་ཡུལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ། འཚོ་བར་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་བཅས་རིགས4ཡི་གཙོ་གནད་རོགས་སྐྱོར་བྱ་ཡུལ་དུད་ཚང་ཁྲི39.97ལ་རོང་འབྲོག་པའི་བདེ་སྡོད་ལས་གཞི་སོགས་ལག་བསྟར་བྱས་པ་བརྒྱུད། ཉེན་ཡོད་སྡོད་ཁང་ནས་ཁོད་ཡངས་ལ་དཀར་ཆ་དོད་པའི་བདེ་འཇགས་སྡོད་ཁང་དུ་སྤོ་ཐུབ་ཡོད།
        བོད་ལྗོངས་ཞི་བས་བཅིངས་འགྲོལ་མ་བཏང་གོང་། 90%ཡན་གྱི་མིར་སྡོད་ཁང་མེད་པ་མ་ཟད། ཞིང་བྲན་མང་པོ་ཞིག་གིས་གོས་ཀྱིས་ལུས་པོ་མི་དྲོད་པ་དང་ཟས་ཀྱིས་ལྟོ་བ་མི་རྒྱགས་པའི་འཚོ་བ་སྐྱེལ་གྱིན་ཡོད། 2020ལོར་སླེབས་དུས་བོད་ལྗོངས་ཀྱི་རོང་འབྲོག་མང་ཚོགས་སོ་སོར་དབང་བའི་མི་རེའི་ཆ་སྙོམས་སྡོད་ཁང་གི་རྒྱ་ཁྱོན་སྨི་གྲུ་བཞི་མ41.46ཟིན་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་སོ་སོར་དབང་བའི་མི་རེའི་ཆ་སྙོམས་སྡོད་ཁང་གི་རྒྱ་ཁྱོན་སྨི་གྲུ་བཞི་མ33.4ཟིན་ཡོད་པས། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཆེས་ཆེར་འཕར་ཡོད།



པར་འདི་ནི་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་དུ་གནས་སྤོས་ཡོང་བའི་མང་ཚོགས་ཀྱིས་ལྷོ་ཁ་གྲོང་ཁྱེར་སྲིན་པོ་རི་བཀོད་སྒྲིག་ཁུལ་དུ་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་པའི་ཚུལ་རེད།
        ལོ་ངོ70ཡི་རིང་བོད་ལྗོངས་ཞི་བའི་བཅིངས་འགྲོལ་བཏང་བ་དང་། དམངས་གཙོ་བཅོས་བསྒྱུར། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན། བཅོས་བསྒྱུར་སྒོ་འབྱེད་སོགས་རླབས་ཆེའི་ལོ་རྒྱུས་ཀྱི་འཕེལ་རིམ་དག་བརྒྱུད་པས། བོད་ལྗོངས་ཀྱི་སྤྱི་ཚོགས་ལམ་ལུགས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད་ལ། རིགས་ཁག་གི་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལའང་ལེགས་བཅོས་ཆེན་པོ་བྱུང་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1