ལྷ་ཉིང་ལྕགས་ལམ་ཤར་གཏོང་བྱས་ནས་གཉེར་སྐྱོང་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-28


         ཟླ་6ཚེས་24ཉིན།གསར་འགོད་པས་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པའི་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་གསལ། ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་ནི་ཟླ་6ཚེས་25ཉིན་ཤར་གཏོང་བྱས་ནས་གཉེར་སྐྱོང་བྱ་རྒྱུ་ཡིན་ཞིང་། བསྐྱར་དར་ཨང་རྟགས་ས་མཐོའི་གློག་རླངས་ཅན་གྱི་ལྕགས་ལམ་དེ་དང་དུས་མཉམ་དུ་གཉེར་སྐྱོང་བྱ་རྒྱུ་རེད། ལྷ་ས་ནས་ལྷོ་ཁའི་བར་མགྱོགས་ཤོས་ཆུ་ཚོད་1དང་སྐར་མ་10དང་། ལྷ་ས་ནས་ཉིང་ཁྲི་བར་མགྱོགས་ཤོས་ཆུ་ཚོད་3དང་སྐར་མ་29ཡི་ནང་སླེབས་ཐུབ་ཡོད་ཅིང་། ལོ་རྒྱུས་རང་བཞིན་ལྡན་པའི་སྒོ་ནས་བསྐྱར་དར་ཨང་རྟགས་མེ་འཁོར་གྱིས་ཞིང་ཆེན་ལྗོངས་ཁུལ་31ལ་ཁེབས་ཐུབ་བྱུང་བ་རེད།

        ལྷ་ཉིང་ལྕགས་ལམ་ནི་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ནས་འགོ་བརྩམས་ཏེ།ལམ་བར་ལྷོ་ཁ་གྲོང་ཁྱེར་གྱི་གོང་དཀར་རྫོང་དང་། གྲ་ནང་རྫོང་། སྣེ་གདོང་ཆུས། ཟངས་རི་རྫོང་། རྒྱ་ཚ་རྫོང་། ཉིང་ཁྲི་གྲོང་ཁྱེར་གྱི་སྣང་རྫོང་དང་། སྨིན་གླིང་རྫོང་བཅས་བརྒྱུད་རྗེས་ཉིང་ཁྲི་གྲོང་ཁྱེར་ཁུལ་དུ་སླེབས་ཤིང་། ལམ་ཐག་ཡོངས་ལ་སྤྱི་ལེ་435.48ཡོད་པ་དང་། ཇུས་འགོད་མྱུར་ཚད་སྤྱི་ལེ་160ཡིན་པ་རེད།
        ལྷ་ཉིང་ལྕགས་ལམ་འཛུགས་སྐྲུན་གྲུབ་ནས་ཤར་གཏོང་ཐུབ་པ་དེས་བོད་ཤར་ལྷོ་ས་ཁུལ་དུ་ལྕགས་ལམ་མེད་པའི་ལོ་རྒྱུས་མཇུག་བསྒྲིལ་བ་དང་། སྔར་ཡོད་འགྲིམ་འགྲུལ་ཐབས་ལམ་ལ་མཐོ་སྒང་གནམ་གཤིས་ཀྱི་ཤུགས་རྐྱེན་ཐེབས་སླ་བའི་ཞན་ཆ་གསབ་ཡོད་པས་ མངའ་ཁོངས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་སྔར་ལས་འཐུས་ཚང་དུ་བཏང་ཐུབ་བྱུང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1