རྔ་བ་ཁུལ་གྱི་ཞིང་སྡེ་དགེ་རྒན་གྱི་འཚོ་བའི་ཁ་གསབ་སྤྲད་པའི་ལག་བསྟར་གནས་ཚུལ།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-16


           ཉེ་ཆར། རྒྱལ་ཁབ་དང་ཞིང་ཆེན། ཁུལ་བཅས་ཀྱི་འབྲེལ་ཡོད་ཡིག་ཆའི་གཏན་འབེབས་ལ་གཞིགས་ན། རྔ་བ་ཁུལ་ཡོངས་ལ་རྫོང་13དང་། དེར་སློབ་གྲྭ་286ཡོད། སློབ་གྲྭ་དེ་དག་ཏུ་ཞིང་སྡེའི་དགེ་རྒན་6337ལ་འཚོ་བའི་ཁ་གསབ་སྤྲོད་པ་ལག་བསྟར་བྱེད་བཞིན་ཡོད། མིག་སྔའི་བར། ཁུལ་ཡོངས་ཀྱིས་ལས་གནས་ལྟར་ཁ་གསབ་སྤྲོད་པ་དང་། ལས་གནས་ཐོག་ཡོད་པར་ཁ་གསབ་ཡོད་པ། ལས་གནས་ཐོག་མེད་པར་ཁ་གསབ་མེད་པ་བཅས་ཀྱི་ཁ་གསབ་སྤྲོད་པའི་རྩ་དོན་གཞིར་བཟུང་ནས། ད་ལྟ་རྫོང་11གི་ཞིང་སྡེའི་དགེ་རྒན་ཡོངས་ལ་འཚོ་བའི་ཁ་གསབ་སྤྲད་ཡོད་ཅིང་། ཁྱོན་བསྡོམས་སློབ་གྲྭ་222ཀྱི་ཞིང་སྡེའི་དགེ་རྒན་5418ལ་རོགས་དངུལ་སྒོར་ཁྲི་2534.64སྤྲད་ཡོད་འདུག །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1