ཞི་ཅིན་ཕིང་དང་ཐུར་ཁེའི་ཙུང་ཐུང་ཨེར་ཏུའོ་ཨན་གྱིས་ཕན་ཚུན་ལ་ཀྲུང་ཐུར་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པའི་རྟེན་འབྲེལ་གློག་འཕྲིན་སྤྲིངས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཞིན་ཧྭ་དྲ་བ། སྤེལ་དུས། 08-05


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཐུར་ཁེའི་ཙུང་ཐུང་ཨེར་ཏུའོ་ཨན་གྱིས་ཕན་ཚུན་ལ་རྟེན་འབྲེལ་གློག་འཕྲིན་སྤྲིངས་ནས་རྒྱལ་ཁབ་གཉིས་པོའི་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པར་རྟེན་འབྲེལ་ཞུས། 
        ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་བསྟན་དོན། ཕྱི་འབྲེལ་བཙུགས་ནས་ལོ་འཁོར50རིང་། ཀྲུང་ཐུར་བར་གྱི་འབྲེལ་བ་བརྟན་བརླིང་འཕེལ་རྒྱས་ཕྱིན་ཡོད། 2010ལོར་རྒྱལ་ཁབ་གཉིས་པོས་འཐབ་ཇུས་མཉམ་ལས་ཀྱི་འབྲེལ་བ་བཙུགས་རྗེས་ཁྱབ་ཁོངས་སོ་སོའི་འབྲེལ་འདྲིས་མཉམ་ལས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཡོད། ན་ནིང་ཚུན་དུ་ཕྱོགས་གཉིས་པོས་པྲོག་གསར་གློ་ཚད་འགོག་བཅོས་ཁྲོད་ཕན་ཚུན་རྒྱབ་སྐྱོར་བྱས་ཤིང་། རིམས་འགོག་སྨན་ཁབ་མཉམ་ལས་ལ་ཕན་འབྲས་ཆེན་པོ་ཐོབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་བར་གྱི་མཛའ་བརྩེ་ཇེ་ཟབ་ཏུ་ཕྱིན་ཡོད། ངས་ཀྲུང་ཐུར་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཙུང་ཐུང་ཨེར་ཏུའོ་ཨན་དང་མཉམ་དུ་འབད་བརྩོན་གྱིས་རྒྱལ་ཁབ་གཉིས་པོའི་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པ་གོ་སྐབས་སུ་བྱས་ནས། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་ཤེས་རྟོགས་དང་རྒྱབ་སྐྱོར་བྱ་རྒྱུ་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ཇེ་མགྱོགས་སུ་བཏང་ནས་ཀྲུང་ཐུར་བར་གྱི་འཐབ་ཇུས་མཉམ་ལས་འབྲེལ་བ་ཡུན་རིང་བརྟན་བརླིང་ཡོང་བར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་བསྟན།  
        ཨེའར་ཏོ་ཨན་གྱི་རྟེན་འབྲེལ་གློག་འཕྲིན་ནང་བསྟན་དོན། ཐུར་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བར་གཉིས་ཕན་འཕེལ་རྒྱས་ཀྱི་རྨང་གཞི་ལེགས་པོ་ལྡན། འདས་པའི་དུས་རབས་ཕྱེད་ཀའི་ནང་ཐུར་ཀྲུང་གི་ཚོང་དོན་དང་མ་འཇོག འགྲིམ་འགྲུལ། ཡུལ་སྐོར་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་འཕེལ་རྒྱས་ཧ་ཅང་ཆེན་པོ་བྱུང་ཡོད། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་ལ་བརྟེན་ནས་འཐབ་ཇུས་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ས་ཁུལ་དང་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་ཡོད། པྲོག་གསར་གློ་ཚད་ཀྱི་མདུན་དུ་རྒྱལ་ཁབ་གཉིས་པོས་མཐུན་སྒྲིལ་རོགས་རེས་དང་དམངས་ཚོགས་ཀྱི་ལུས་ཕོང་བདེ་ཐང་ལ་འགན་ལེན་བྱས་ཡོད། ཐུར་ཁེས་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཐུར་ཀྲུང་བར་གྱི་འཐབ་ཇུས་མཉམ་ལས་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་ཡིན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1