ནི་ཀྲེ་རི་ཡའི་གྲོང་སྡེ་ཁ་ཤས་ལ་དྲག་ཆས་མི་སྣའི་འཇབ་རྒོལ་ཐེབས་ནས་མི་ཉེར་ལྔ་རྐྱེན་ལམ་དུ་ཤོར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 08-06


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ནི་ཀྲེ་རི་ཡའི་ཉེར་རྟོགས་ཕྱོགས་ཀྱི་ཚེས་བཞི་ཉིན་བདེན་དཔང་བྱས་དོན། ནི་ཀྲེ་རི་ཡའི་ནུབ་བྱང་ས་ཁུལ་གྱི་ཁ་ཏུའུ་ནཱ་མངའ་སྡེའི་གྲོང་སྡེ་ཁ་ཤས་ལ་ཉིན་འགའི་སྔོན་དྲག་ཆས་མི་སྣའི་འཇབ་རྒོལ་ཐེབས་ནས་མི་ཉེར་ལྔ་རྐྱེན་ལམ་དུ་ཤོར་བ་དང་མི་གསུམ་ལ་རྨས་ཕོག
        ཁ་ཏུའུ་ནཱ་མངའ་སྡེའི་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་མོ་ཧན་མོ་ཏུ་ ཅཱ་ལི་ཀུ་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། མངའ་སྡེ་འདིའི་ཁོ་ལུའུ་ཆུས་ཀྱི་གྲོང་སྡེ་བཞི་ལ་ཚེས་གཉིས་ཉིན་གྱི་དགོང་མོར་སྔ་གཞུག་ཏུ་ཐོབ་ཐང་མི་ཤེས་པའི་དྲག་ཆས་མི་སྣ་སྐོར་ཞིག་གི་འཇབ་རྒོལ་ཐེབས་པ་དང་། མི་ཉེར་ལྔ་རྐྱེན་ལམ་དུ་ཤོར་བ་དང་མི་གསུམ་ལ་རྨས་ཕོག དེ་མིན་ཁང་མིག་རེ་གསུམ་བརྡིབས་པ་རེད།
        ཅཱ་ལི་ཀུ་ཡིས་བཤད་རྒྱུར། ནི་ཀྲེ་རི་ཡའི་ཉེན་རྟོག་ཕྱོགས་དང་དམག་ཕྱོགས་ཀྱིས་ས་གནས་ལ་རོགས་དམག་མངགས་པ་དང་ཉེར་རྟོག་ཕྱོགས་ཀྱིས་དོན་འདིར་བརྟག་དཔྱད་བྱེད་བཞིན་པའི་སྒང་ཡིན་པ་དང་། འཇབ་རྒོལ་བྱེད་མཁན་འཛིན་བཟུང་བྱེད་བཞིན་ཡོད་ཟེར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1