དཀར་མཛེས་ཁུལ་དུ་རི་དྭགས་རྔོན་པའི་གྱོད་གཞི་བྱུང་ཞིང་བཙོན་དུ་བཅུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 08-09



        ཉེ་ཆར། ཉག་རོང་རྫོང་སྤྱི་བདེ་ལས་ཁུངས་ནགས་ཚལ་ཉེན་རྟོག་རུ་ཆེན་གྱིས་རི་སྐྱེས་རི་དྭགས་རྩ་ཆེན་བསད་པའི་གྱོད་གཞི་ཞིག་རྩད་ཆོད་ནས་མི་གསུམ་སོ་སོ་ལ་ཁྲིམས་ལྟར་ལོ་8དང་ལོ་6དང་ལོ་1དང་ཟླ་བ་6དུས་བཀག་བཙོན་འཇུག་གི་ཉེས་ཆད་བཅད་པ་རེད།


        རྩད་ཞིབ་བྱས་པར་གཞིགས་ན། 2019ལོ་ནས་2020ལོའི་ཟླ་བ་12པའི་བར་ལ། དོགས་ཡོད་ཉེས་ཅན་ཉི་ཆེ་གེ་མོས་གཙོ་བྱས་དེའི་རོགས་པ་ཚེ་ཆེ་གེ་མོ་དང་། ཨ་ཆེ་གེ་མོ་བཅས་ཀྱིས་སྔ་རྗེས་སུ་ཉག་རོང་རྫོང་ནོར་ཁོག་ཡུལ་ཤོག་དང་། ཡོངས་ལ་གཤིས་གྲོང་རྡལ་གྱི་ཁོངས་སུ་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་རིམ་པ་གཉིས་པ་སྟེ་ཤྭ་སེར་4བསད་པ་རེད།
        2021ལོའི་ཟླ་བ་7པའི་ཚེས་22ཉིན། ཁྲིམས་ཁང་གིས་འདྲི་ཞིབ་རྩད་ཆོད་བྱས་ཏེ། གྱོད་པ་ཉི་ཆེ་གེ་མོ་རང་དང་། དེ་གྱོད་པ་ཚེ་ཆེ་གེ་མོ་དང་ཨ་ཆེ་གེ་དང་མཉམ་དུ་རྔོན་བྱེད་ཆོག་པའི་འཁྲོལ་འཛིན་མ་རག་པའི་གནས་ཚུལ་འོག་ལ་ཁྲིམས་དང་འགལ་ནས་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་རིམ་པ་གཉིས་པ་སྟེ་ཤྭ་སེར་རྔོན་པས། གྱོད་པ་གསུམ་གྱི་བྱ་སྤྱོད་དེས་རི་སྐྱེས་རི་དྭགས་རྩ་ཆེན་དང་སྟོང་ལ་ཉེ་བར་གནོད་འཚེ་བྱེད་པའི་བྱས་ཉེས་བསགས་ཡོད་ཅིང་། དངོས་དོན་ཁ་གསལ་ལ་བདེན་རྩ་དངོས་ཡོད་པར་བརྟེན་ཉེས་བགྲང་གྱོད་མིང་གྲུབ་ཡོད་པ་རེད་ཅེས་ངོས་འཛིན་བྱས།
དེར་བརྟེན། ཉག་རོང་རྫོང་མི་དམངས་ཁྲིམས་ཁང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་བཅའ་ཁྲིམས》དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི《རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་གཏོར་བཤིག་གཏོང་བའི་ཉེས་དོན་གྱོད་གཞིའི་བཅའ་ཁྲིམས་ཀྱི་གནད་དོན་ཁ་ཤས་བཀོལ་སྤྱོད་ཞིབ་ཕྲའི་སྐོར་གྱི་གསལ་བཤད》ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཁྲིམས་རར་ཁྲིམས་བཅད་ཁྱབ་སྒྲོག་བྱས་པ་སྟེ། གྱོད་པ་ཉི་ཆེ་གེ་མོར་དུས་བཀག་བཙོན་འཇུག་ལོ་8བྱས་པ་འབྲེལ་དམངས་སྒོར་8000ཡི་ཆད་པ་བཅད་པ་དང་། ཚེ་ཆེ་གེ་མོར་དུས་བཀག་བཙོན་འཇུག་ལོ་6བྱས་པ་དང་འབྲེལ་དམངས་སྒོར་4000ཡི་ཆད་པ་བཅད་པ། གྱོད་པ་ཨ་ཆེ་གེ་མོར་དུས་བཀག་བཙོན་འཇུག་ལོ་1དང་ཟླ་བ་6བྱས་པ་འབྲེལ་དམངས་སྒོར་2000ཡི་ཆད་པ་བཅད་པ་རེད།


        ཉག་རོང་རྫོང་ཉེན་རྟོག་ལས་ཁུངས་ཀྱིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱ་རྒྱུ་ནི་རང་བྱུང་ཁམས་ཀྱི་སྐྱེ་ཁམས་དོ་སྙོམས་པ་དང་འབྲེལ་བ་ཡོད་ལ། རྒྱལ་ཁབ་ཀྱི་སྐྱེ་དངོས་ཉེན་མེད་ཡོང་བ་དང་ཡང་འབྲེལ་བ་ཡོད། ཁྲིམས་དང་འགལ་ནས་བྱེས་སྐྱེས་སྲོག་ཆགས་རྔོན་པ་དང་བསད་པ། ཉོས་པ། སྐྱེལ་འདྲེན། བཙོངས་པ། དེ་དག་གི་བཟོ་རྫས་ཉོ་འཚོང་འདྲེན་གསུམ་བྱས་པ་སོགས་ཀྱི་བྱ་སྤྱོད་ཚང་མ་ནི་རང་རྒྱལ་ཉེས་ཁྲིམས་སུ་ནན་འགོག་བྱས་པའི་བྱས་ཉེས་བསགས་པའི་བྱ་སྤྱོད་ཡིན་པས། རྒྱལ་ཁབ་ཀྱི་བཅའ་ཁྲིམས་མི་བརྩི་བ་དང་ཁྲིམས་ས་ཚོད་ལོངས་བྱེད་མཁན་ཚང་མ་ལ་བཅའ་ཁྲིམས་ཀྱི་ཉེས་ཆད་དྲག་པོ་ཐེབས་ངེས་རེད་ཅེས་གསལ་འདེབས་བྱས་སོ། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1