སློབ་མ་བསོད་ནམས་སྟོབས་རྒྱལ་རང་རྒྱལ་གྱི་ ཐེངས་དང་པོ་བོད་ཀྱི་སྐད་ཡིག་བརྒྱུད་ནས་འབུམ་རམས་གོང་མའི་སློབ་གནས་འཕར་བ།

ངེད་གསར་འགོད་པ་དཀོན་མཆོག་རྡོ་རྗེ་ཡིས། རྩོམ་སྒྲིག་པ།དཀོན་མཆོག་རྡོ་རྗེ།ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 01-16


བསོད་ནམས་སྟོབས་རྒྱལ་གྱིས་འབུམ་རམས་གོང་མའི་དམ་བཅའ་འཇོག་བཞིན་པ།

དགེ་རྒན་ཚོས་ཁོང་ལ་དྲི་བ་འདོན་བཞིན་པ།

          སྤྱི་ལོ་2015ལོའི་ཟླ་1པོའི་ཚེས་15ཉིན་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་ནང་དུ།  སློབ་མ་བསོད་ནམས་སྟོབས་རྒྱལ་གྱིས་འབུམ་རམས་གོང་མའི་དཔྱད་རྩོམ་ཁ་བྱང་གཏན་འཁེལ་བྱ་བའི་བགྲོ་གླེང་གི་ཚོགས་འདུ་སྤེལ་བ་རེད།   ཁོང་གིས་ཁ་བྱང་ལ་ཡུལ་ཤུལ་རིག་གནས་ལོ་རྒྱུས་ཞིབ་འཇུག་ཞེས་པའི་བོད་ཡིག་གི་དཔྱད་རྩོམ་དེ་བོད་སྐད་ཐོག་ནས་སྙན་ཞུ་གནང་ཞིང་།  དེ་བཞུགས་ཀྱི་དགེ་རྒན་ཚོས་ཀྱང་བོད་སྐད་ཐོག་ནས་འདྲི་བ་བཏོན་པ་དང་བགྲོ་གླེང་མཛད། སི་ཁྲོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ། བོད་ཀྱི་འབུམ་རབས་པ་ཐོག་མ་དཔལ་ལྡན་ཉི་མས། སྤྱིར་བོད་རིགས་ནང་དུ་འབུམ་རམས་གོང་མ་ནི་ཧ་ཅང་ཉུང་ཞིང་།  ལྷག་པར་དུ་སློབ་མ་བསོད་ནམས་སྟོབས་རྒྱལ་ནི་རང་རྒྱལ་གྱི་སློབ་གསོའི་ལོ་རྒྱུས་ཐོག་ཐེངས་དང་པོ་བོད་ཀྱི་སྐད་ཡིག་བརྒྱུད་ནས་འབུམ་རམས་གོང་མའི་སློབ་གནས་ཀྱི་དཔྱད་རྩོམ་ཁ་བྱང་གཏན་འབེབས་དང་།  དཔྱད་རྩོམ་འབྲི་མཁན་དེ་ཡིན་པས་རང་རྒྱལ་གྱི་ཐེངས་དང་པོ་བོད་ཀྱི་སྐད་ཡིག་ཐོག་ནས་འབུམ་རམས་གོང་མའི་སློབ་གནས་འཕར་བ་བས་དོན་སྙིང་ཧ་ཅང་ཆེན་པོ་ལྡན།    ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་འབུམ་རམས་པའི་སློབ་སྟོན་པ་ཐུབ་བསྟན་ཕུན་ཚོགས་ཀྱིས་གསུང་རྒྱུར།    དེང་སྐབས་ཏང་གི་མི་རིགས་སྲིད་ཇུས་དང་། སྐད་ཡིག་སློབ་གསོའི་སྲིད་ཇུས་དོན་འཁྱོལ་ཡང་དག་པར་བྱུང་བའི་རྐྱེན་གྱིས་བོད་ཀྱི་སྐད་ཡིག་དེ་སློབ་ཆུང་ནས་སློབ་འབྲིང་དང་།  དེ་ནས་སློབ་གྲྭ་ཆེན་མོའི་དངོས་གཞི་སློབ་མ།  རབ་འབྱམས་པ།  འབུམ་རམས་པ།  འབུམ་རམས་གོང་མ་བཅས་སྐས་རིམ་ལྟར་བོད་ཀྱི་སྐད་ཡིག་ཐོག་ནས་སློབ་འཕར་བྱ་རྒྱུ་མངོན་གྱུར་བྱུང་ཡོད་པ་འདི་ནི་རྒྱལ་ཁབ་ཀྱི་དོན་ཆེན་ཞིག་དང་བོད་མི་རིགས་ཀྱི་འཚོ་བའི་ནང་གི་དོན་ཆེན་ཞིག་རེད།ཅེས་གསུངས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1