བྲག་མགོ་རྫོང་གིས་མེ་ཏོག་ཐོན་ལས་ལ་བརྟེན་ནས་མི་སེར་ཕྱུག་པོར་ཆགས་པའི་ཕུགས་འདུན་མངོན་འགྱུར་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-24



        ཉེ་ཆར། རྒྱལ་སྲུང་གཞུང་ལམ་གྱི་ལམ་ཐིག450པ་བྲག་མགོ་རྫོང་ཤྭ་རྭ་ཐང་གྲོང་རྡལ་ནས་ཡར་སྡེ་ཡུལ་ཤོག་བར་གྱི་གཞུང་ལམ་གཡས་གཡོན་དུ་ཡོད་པའི་སྟོབས་ལྡན་མེ་ཏོག་བཞད་ནས་ཡུལ་སྐོར་བ་རྒྱུན་ཆད་མེད་པར་ལྟད་མོ་ལྟ་སར་ཡོང་གི་འདུག། གཞི་ཁྱོན་མུའུ226.96ལ་ཟིན་པའི་ས་ཞིང་ལྡུམ་རའི་ནང་སྟོབས་ལྡན་མེ་ཏོག་ཁྲི290ཙམ་བཞད་ནས་ས་གནས་དེ་གའི་མི་སེར་ལ་ཡོང་འབབ་འཕར་བའི་སྤྲོ་སྣང་འཕེལ་དུ་བཅུག

        ཉེ་བའི་ལོ་ཤས་རིང་བྲག་མགོ་རྫོང་གིས་ཐོན་ལས་ཆགས་ཚུལ་ལེགས་སྒྲིག་བྱས་པར་བརྟེན་ནས་ཁྱད་འཕགས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་ཞིང་། ཐོན་ལས་འཕེལ་རྒྱས་གཏོང་བར་བརྟེན་ནས་ཡུལ་སྡེ་དར་རྒྱས་ལ་སྐུལ་འདེད་བཏང་ཡོད། ཚོང་རའི་དགོས་མཁོ་དང་ས་ཆ་དེ་གར་འཚམ་པའི་ཆོས་ཉིད་ལ་གཞིགས་ནས་ཞིང་ལས་ཐོན་ལས་ཀྱི་ཆགས་ཚུལ་ལེགས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་སྟེ། མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་གཏོང་བ་དང་མེ་ཏོག་ཐོན་ལས་ལ་བརྟེན་ནས་མི་སེར་ཕྱུག་པོར་ཆགས་པའི་ཕུགས་འདུན་མངོན་འགྱུར་བྱས་པ་རེད།
        མིག་སྔར་བྲག་མགོ་རྫོང་གི་ཤྭ་རྭ་ཐང་གྲོང་རྡལ་དང་ཤིས་མདོ་གྲོང་རྡལ་དུ་དུས་རིམ་དང་པོར་འདེབས་འཛུགས་བྱས་པའི་མུའུ226.96གི་སྟོབས་ལྡན་མེ་ཏོག་སྐྱེ་སྟོབས་ཡག་པོ་བྱུང་ནས་འབྲས་བུ་བསྡུ་བའི་དུས་དང་ལྟད་མོ་ལྟ་བའི་དུས་སུ་སླེབས་ཡོད་པ་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན། བྲག་མགོ་རྫོང་ཤྭ་རྭ་ཐང་མངའ་ཁོངས་སུ་སྟོབས་ལྡན་མེ་ཏོག་བཙུགས་ནས་ད་ལོའི་སྤྱི་ཟླ5པ་ནས10པའི་བར་བསྟུད་མར་ཟླ་བ6གི་འདེབས་འཛུགས་དུས་འཁོར་ནང་ས་གནས་དེ་གའི་མི་སེར་ཚོར་ཐག་ཉེ་སར་གླ་རྒྱུགས་ནས་འབབ་འཕར་ཡོང་རྒྱུའི་མཐུན་རྐྱེན་ཞིག་བསྐྲུན་རྒྱུ་རེད། སྟོབས་ལྡན་མེ་ཏོག་འདེབས་འཛུགས་བྱས་ནས་གྲོང་རྡལ་དེའི་བ་བཏག་གྲོང་སྡེ་དང་རི་འས་གྲོང་སྡེའི་དཀའ་ངལ་ཡོད་པའི་དུད་ཚང25ལ་རོགས་རམ་བྱས་ནས་འོང་འབབ་སྒོར50000ལྷག་ཙམ་འཕར་རྒྱུ་དང་ས་ཞིང་བཤུག་གླ་བྱས་ནས་མུའུ་རེར་ཆ་སྙོམས་ཡོང་འབབ་སྒོར600འཕར་རྒྱུ་རེད།
        “སྤྱི་ཟླ་5པར་གསར་སྦོལ་བྱས་ནས་སྟོབས་ལྡན་མེ་ཏོག་འདེབས་འཛུགས་བྱས་ཏེ་སྤྱི་ཟླ12པའི་བར་དོ་དམ་སྲུང་སྐྱོང་བྱེད་པའི་བར་མི་ལག4000ལྷག་ཙམ་སྤྱོད་གོ་པ་དང་མི་སེར་གྱི་ཐད་ཀའི་ཡོང་འབབ་སྒོར་ཁྲི40ཙམ་ལ་ཟིན་རྒྱུ་རེད། སྟོབས་ལྡན་མེ་ཏོག་ནི་དམངས་ཕྱུག་གི་མེ་ཏོག་ཡིན་པ་དེ་ནི་རྫོང་ཡོངས་ཀྱི་ཞིང་ལས་ཐོན་སྐྱེད་ཀྱི་ཆགས་ཚུལ་ལེགས་སྒྲིག་དང་ཡུལ་སྡེ་དར་རྒྱས་གཏང་རྒྱུར་སྐུལ་འདེད་གཏོང་བའི་ཚད་བརྒལ་གལ་ཆེན་ཞིག་ཡིན་ལ།རང་རེའི་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གསར་པ་ནི་དེ་བས་ཀྱས་རེད” ཅེས་བྲག་འགོ་རྫོང་ནགས་ཚལ་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་མཁས་གྲུབ་རྣམ་རྒྱལ་གྱིས་དེ་ལྟར་བཤད་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1