སྲོལ་རྒྱུན་བོད་རུམ་གྱིས་ཕྱུག་འགྱུར་གྱི་འགྲོ་ལམ་གཏོད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 09-09


     མི་དམངས་དྲ་བ་གཞིས་རྩེ་ནས་ཟླ་9ཚེས་7ཉིན་གློག་འཕྲིན་འབྱོར་གསལ། སྟོན་ཟླ་དགུ་པའི་ཡར་ཀླུང་གཙང་པོའི་ངོགས་སུ་བོད་རུམ་བཟོ་བྱེད་འཕྲུལ་ཆས་མང་པོའི་ལས་ཀ་བྱེད་པའི་ཐྲག་སྒྲ་ཆད་མི་འདུག བཟོ་པ་ཚོས་ལས་རིམ་རེ་རེ་བཞིན་གོ་རིམ་དང་ལྡན་པར་ལེགས་འགྲུབ་བྱེད་བཞིན་ཡོད།  འདི་ནི་བོད་ལྗོངས་གཞིས་རྩེ་རྒྱལ་རྩེ་རྫོང་ཡིན་ཞིང་། “བོད་རུམ་གྱི་ཕ་ས”ཞེས་པའི་མཚན་སྙན་ཐོབ་ཡོད། རྒྱལ་རྩེའི་བོད་རུམ་དང་སྟག་གཟིག་གི་ས་གདན། ཐུར་ཁེའི་ས་གདན་བཅས་ལ་འཛམ་གླིང་ཐོག་སྐད་གྲགས་ཆེ་བའི་ས་གདན་གསུམ་ཞེས་བརྗོད་ཀྱི་ཡོད། 


     ཉེ་བའི་ལོ་ཤས་རིང་རྒྱལ་རྩེ་རྫོང་དུ་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་ན་གཞོན་ཁག་གཅིག་ཐོན་ཡོད། ཁོང་ཚོས་སྲོལ་རྒྱུན་གྱི་ལག་རྩལ་རྨང་གཞིའི་ཐོག་བློ་ཁོག་ཆེན་པོས་གསར་གཏོད་དང་། ཐ་ན་3Dལངས་གཟུགས་པར་འདེབས་སྤྱད་པས་སྲོལ་རྒྱུན་གྱི་མི་རིགས་ལག་ཤེས་བཟོ་རྩལ་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཏང་བ་མ་ཟད། བོད་རུམ་འཐག་པའི་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་ཀྱང་བཏང་བས་བོད་ཀྱི་རིག་གནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་མ་ཐེབས་ཡོད་པ་རེད། དུས་མཚུངས་མཐའ་འཁོར་མང་ཚོགས་ཁག་གཅིག་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་ཐུབ་ནས། འཛམ་གླིང་ས་གནས་ཁག་ཏུ་བོད་རུམ་བཙོངས་ཏེ་འབབ་འཕར་ཕྱུག་འགྱུར་གྱི་ཕུགས་འདུན་མངོན་འགྱུར་བྱུང་ཡོད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1