ནུབ་རྒྱུད་དངོས་མང་སྟོན་ཚོགས་སུ་རང་ཁུལ་ལ་ཁེ་སྙན་གྲགས་མཉམ་དུ་ཐོབ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 09-24



   སྤྱི་ཟླ9པའི་ཚེས20ཉིན་ལ། ཁྲེང་ཏུའུ་ནུབ་རྒྱུད་དངོས་མང་སྟོན་ཚོགས་སྐབས་བཅོ་བརྒྱད་པའི་མཇུག་གྲོལ་བ་དང་། གནས་མཆོག་དཀར་མཛེས་ཁུལ་དང་འབྱུང་འཕྲོད་འཕེལ་རྒྱས་ཞེས་པས་གཙོ་དོན་དུ་བྱས་པའི་དཀར་མཛེས་ཁུལ་གྱི་འགྲེམས་སྟོན་ཁང་ལ་འབྲས་བུ་གཡུར་དུ་ཟ་བ་ཐོབ་ཡོད། ཐེངས་འདིའི་ནུབ་རྒྱུད་དངོས་མང་སྟོན་ཚོགས་སུ་རང་ཁུལ་འགྲེམས་སྟོན་ཁང་གིས་དུས་མཉམ་དུ་དཀར་མཛེས་ཁུལ་གྱི་དངོས་རྫས་བཟང་པོ་དངོས་མང་སྟོན་ཚོགས་སུ་བཤམ་པའི་གློག་རྡུལ་ཚོང་དོན་ཐད་གཏོང་བྱེད་སྒོ་ཡང་སྤེལ་ཡོད་པ་རེད།

 ནུབ་རྒྱུད་དངོས་མང་སྟོན་ཚོགས་སུ་རང་ཁུལ་ལ་ཁེ་སྙན་གྲགས་མཉམ་དུ་ཐོབ།

ཁྲེང་ཏུའུ་གྲོང་ཁྱེར་དང་དཀར་མཛེས་ཁུལ་བར་གྱི་ཞིང་ཚོང་འབྲེལ་མཐུད་གྲོས་ཚོགས་དང་། དཀར་མཛེས་ཁུལ་གྱི་ཁྱད་ཆོས་ཟས་མཆོག་གསོལ་དཔྱད་གྲོས་ཚོགས། དེ་བཞིན་མི་རིགས་གླུ་གར་འཁྲབ་སྟོན་དང་རྒྱན་གོས་འགྲེམས་སྟོན་སོགས་ལེ་ལག་ཆ་འགྲིག་གི་བྱེད་སྒོ་སྣ་མང་གིས་མི་གཡང་དང་ཚོང་གཡང་རབ་ཏུ་བཀུགས་ཡོད།

 ནུབ་རྒྱུད་དངོས་མང་སྟོན་ཚོགས་སུ་རང་ཁུལ་ལ་ཁེ་སྙན་གྲགས་མཉམ་དུ་ཐོབ།
ནུབ་རྒྱུད་དངོས་མང་སྟོན་ཚོགས་སུ་རང་ཁུལ་ལ་ཁེ་སྙན་གྲགས་མཉམ་དུ་ཐོབ།
ནུབ་རྒྱུད་དངོས་མང་སྟོན་ཚོགས་སུ་རང་ཁུལ་ལ་ཁེ་སྙན་གྲགས་མཉམ་དུ་ཐོབ།
ནུབ་རྒྱུད་དངོས་མང་སྟོན་ཚོགས་སུ་རང་ཁུལ་ལ་ཁེ་སྙན་གྲགས་མཉམ་དུ་ཐོབ།

    དཀར་མཛེས་ཁུལ་གྱི་ཞིང་འབྲོག་ཁྱད་ཆོས་ཐོན་རྫས་ནུབ་རྒྱུད་དངོས་མང་སྟོན་ཚོགས་སུ་ཧ་ཅང་ཚོང་བྲིན་བྱུང་ཡོད་དེ། ཚོགས་པས་དངོས་ཟོག་ཁུར་ནས་ཐད་གཏོང་བྱེད་པ་དང་འགྲེམས་སྟོན་ཁང་བསྐོར་ནས་ཐད་གཏོང་བྱེད་པའི་བྱེད་ཐབས་སྤྱད་དེ་དཀར་མཛེས་ཁུལ་གྱི་དངོས་རྫས་བཟང་པོ་ནུབ་རྒྱུད་དངོས་མང་སྟོན་ཚོགས་སུ་བཤམ་པའི་གློག་རྡུལ་ཚོང་དོན་ཐད་གཏོང་བྱེད་སྒོ་སྤེལ་ཞིང་། ཐད་གཏོང་བྱེད་ས་གཉིས་བཙུགས་ནས་ཁུལ་ཡོངས་ཀྱི་དྲྭ་གྲགས་ཚོགས་པ14ཡིས་ཐད་གཏོང་ཚོང་ཟོག་རིགས48ཁྱེར་ནས་ཐད་གཏོང་བྱས་ཐོག། རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ་འཆི་མེད་རྡོ་རྗེ་དང་རང་སའི་དྲྭ་གྲགས་མང་པོ་ཡུལ་དངོས་སུ་གདན་འདྲེན་ཞུས་ཏེ་དཀར་མཛེས་ཁུལ་གྱི་དངོས་རྫས་བཟང་པོ་འོས་སྦྱོར་བྱས་པ་རེད། གློག་ཚོང་ཐད་གཏོང་བྱེད་སྒོའི་དྲྭ་ཐོག་དངོས་ཟོག་སྒོར་ཁྲི169.12བཙོངས་པ་དང་། ལས་སྟེགས་སུ་འབྱོར་བའི་མངག་ཐོ་སྒོར་ཁྲི1821.36ལ་ཟིན་ཡོད། ཐད་གཏོང་ཁང་དུ་རིམ་རྩིས་བྱས་ན་ཞུགས་མཁན་མི་ཁྲི268.36ཡོད་ཅིང་མི་ཁྲི1212.61གིས་བསྟོད་བསྔགས་བྱས་ཡོད། རྫོང་དང་གྲོང་ཁྱེར18ཀྱི་དྲྭ་ཐོག་བཙོངས་དངུལ་སྒོར་ཁྲི984.28ལ་ཟིན་པ་རེད།

 ནུབ་རྒྱུད་དངོས་མང་སྟོན་ཚོགས་སུ་རང་ཁུལ་ལ་ཁེ་སྙན་གྲགས་མཉམ་དུ་ཐོབ།
ནུབ་རྒྱུད་དངོས་མང་སྟོན་ཚོགས་སུ་རང་ཁུལ་ལ་ཁེ་སྙན་གྲགས་མཉམ་དུ་ཐོབ།

    ཞིང་ཚོང་ཐོན་ཚོང་འབྲེལ་མཐུད་ཡག་པོ་བྱས་ཏེ་ཡུལ་སྡེ་དར་རྒྱས་ལ་སྐུལ་འདེད་བཏང་བ་སྟེ། ཐོན་སྐྱེད་བྱེད་མཁན་དང་ཉོ་མཁན་བར་གྱི་ཐོད་གཏུག་ལས་སྟེགས་བསྐྲུན་ནས་རང་ཁུལ་གྱི་ཁྱད་ཆོས་ཞིང་འབྲོག་ཐོན་རྫས་ཁྲེང་ཏུའུ་དང་ཁྲུང་ཆིང་གཙོས་པའི་འཛད་སྤྱོད་ར་བར་ཚུད་པར་བྱས་ཡོད། ཐེངས་འདིར་ཞིང་ཚོང་ཐོན་ཚོང་འབྲེལ་མཐུད་གྲོས་ཚོགས་སུ་མོས་ཁ་ཡོད་པའི་གྲོས་མཐུན3བཞག་པ་དང་གྲོས་མཐུན་དངུལ་གྲངས་སྒོར་ཁྲི9000ལ་ཟིན་པ་རེད།

 ནུབ་རྒྱུད་དངོས་མང་སྟོན་ཚོགས་སུ་རང་ཁུལ་ལ་ཁེ་སྙན་གྲགས་མཉམ་དུ་ཐོབ།
ནུབ་རྒྱུད་དངོས་མང་སྟོན་ཚོགས་སུ་རང་ཁུལ་ལ་ཁེ་སྙན་གྲགས་མཉམ་དུ་ཐོབ།
ནུབ་རྒྱུད་དངོས་མང་སྟོན་ཚོགས་སུ་རང་ཁུལ་ལ་ཁེ་སྙན་གྲགས་མཉམ་དུ་ཐོབ།
ནུབ་རྒྱུད་དངོས་མང་སྟོན་ཚོགས་སུ་རང་ཁུལ་ལ་ཁེ་སྙན་གྲགས་མཉམ་དུ་ཐོབ།
ནུབ་རྒྱུད་དངོས་མང་སྟོན་ཚོགས་སུ་རང་ཁུལ་ལ་ཁེ་སྙན་གྲགས་མཉམ་དུ་ཐོབ།
ནུབ་རྒྱུད་དངོས་མང་སྟོན་ཚོགས་སུ་རང་ཁུལ་ལ་ཁེ་སྙན་གྲགས་མཉམ་དུ་ཐོབ།
ནུབ་རྒྱུད་དངོས་མང་སྟོན་ཚོགས་སུ་རང་ཁུལ་ལ་ཁེ་སྙན་གྲགས་མཉམ་དུ་ཐོབ།

   ཐེངས་འདིའི་ནུབ་རྒྱུད་དངོས་མང་སྟོན་ཚོགས་སུ་དཀར་མཛེས་ཁུལ་གྱི་འགྲེམས་སྟོན་ཁང་ལ་ཕྱོགས་ཀུན་ནས་སྲོལ་རྒྱུན་དང་དེང་རབས་ཚན་རྩལ་ཟུང་དུ་སྦྲེལ་བའི་ཁྱད་ཆོས་ཕུན་སུམ་ཚོགས་པོ་ཡོད་པས་ལྟད་མོ་ལྟ་མཁན་མི་ཁྲི5ལྷག་འཛོམས་ཡོད་ཅིང་། མི་དམངས་དྲ་བ་དང་ཀྲུང་ཞིན་དྲ་བ་སོགས་འཕྲིན་སྦྱོར་ལས་ཁུངས10ལྷག་དང་ཁུལ་ཕྱི་ནང་གི་གཙོ་རྒྱུན་འཕྲིན་སྦྱོར་བཅས་ཀྱིས་ཕྱོགས་སོ་སོ་ནས་དཀར་མཛེས་ཁུལ་གྱི་འགྲེམས་སྟོན་ཁང་གི་གནས་ཚུལ་བཀོད་ཡོད་པ་རེད།།

ནུབ་རྒྱུད་དངོས་མང་སྟོན་ཚོགས་སུ་རང་ཁུལ་ལ་ཁེ་སྙན་གྲགས་མཉམ་དུ་ཐོབ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1