ཞི་ཅིན་ཕིང་ནས2021ལོའི་ཀྲུང་ཀོན་ཚུན་གླེང་སྟེགས་ལ་ཤིས་ཚིག་བསྒྲོན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 09-26



        སྤྱི་ཟླ་9པའི་ཚེས་24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ལོ་2021ལོའི་ཀྲུང་ཀོན་ཚུན་གླེང་སྟེགས་ལ་བརྙན་མཐོང་ཐོག་ནས་ཤིས་ཚིག་སྒྲོན་གནང་ཡོད།
        ཞི་ཅིན་ཕིང་གིས། མིག་སྔར་འཛམ་གླིང་ལ་ལོ་བརྒྱར་འཕྲད་མྱོང་མེད་པའི་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་པ་དང་། ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་རྒྱ་ཆེ་གཏིང་ཟབ་ཐེབས་པ། འཛམ་གླིང་གི་དཔལ་འབྱོར་སླར་གསོར་འགྲན་རྩོད་དྲག་པོ་འཕྲད་ཡོད་པས། འཛམ་གླིང་རྒྱལ་ཁབ་ཁག་གིས་ཚན་རྩལ་སྒོ་དབྱེ་མཉམ་ལས་ལ་དེ་བས་ཤུགས་སྣོན་རྒྱག་དགོས་དང་། ཚན་རྩལ་གསར་གཏོད་བརྒྱུད་ཐུན་མོང་ཐོག་འཛམ་གླིང་ཧྲིལ་པོ་རང་བཞིན་གྱི་གནད་དོན་གལ་ཆེན་ཐག་གཅོད་བྱེད་པའི་ཐབས་ལམ་དང་བྱ་ཐབས་འཚོལ་ཞིབ་བྱས་ཏེ། ཐུན་མོང་ཐོག་དུས་རབས་ཀྱི་འགྲན་རྩོད་ལ་ཁ་གཏད་གཅོག་པ་དང་། ཐུན་མོང་ཐོག་མིའི་རིགས་ཀྱི་ཞི་བདེ་དང་གོང་འཕེལ་གྱི་བླ་ན་མེད་པའི་བྱ་གཞག་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་བ་དང་།
        ཞི་ཅིན་ཕིང་གིས། མིག་སྔའི་འཛམ་གླིང་ཐོག་ཚལ་རིག་ལག་རྩལ་གོང་འཕེལ་གཏོང་དགོས་ན་ངེས་པར་དུ་འཛམ་གླིང་ཧྲིལ་པོའི་མིག་རྒྱང་དགོས་པ་དང་། དུས་རབས་ཀྱི་འཕེལ་ཕྱོགས་དམ་འཛིན་བྱེད་པ། མིའི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བའི་རེ་བ་གསར་པར་དམ་པོར་གཞིགས་པ་བཅས་བྱེད་དགོས། ཀྲུང་གོས་ཚན་རྩལ་གསར་གཏོད་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། འཛམ་གླིང་ཧྲིལ་པོའི་ཚན་རྩལ་གསར་གཏོད་ཀྱི་རོགས་ལས་གསར་པར་སྐུལ་འདེད་ཤུགས་ཆེན་གཏོང་བ། དེ་བས་སྒོ་དབྱེའི་རྣམ་འགྱུར་གྱི་ཐོག་ནས་རྒྱལ་སྤྱིའི་ཚན་རྩལ་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། འཛམ་གླིང་ཧྲིལ་པོའི་གསར་གཏོད་དྲ་རྒྱའི་ནང་ཧུར་ཐག་ཞུགས་པ། ཐུན་མོང་ཐོག་རྨང་གཞིའི་ཞིབ་འཇུག་ལ་སྐུལ་འདེད་གཏོང་བ། ཚན་རྩལ་གྲུབ་འབྲས་བརྗེ་སྒྱུར་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་གོང་འཕེལ་གྱི་འགུལ་ཤུགས་གསར་པ་གསོ་སྤེལ་བྱེད་པ། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་པ། རྩེར་སོན་གྱི་གསར་གཏོད་སྐྱེ་ཁམས་བསྐྲུན་པ། ཚན་རྩལ་གྱིས་དགེ་བ་སྐྲུན་པའི་འདུ་ཤེས་གཏོད་པ། འཛམ་གླིང་ཧྲིལ་པོའི་ཚན་རྩལ་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། མིའི་རིགས་ལ་ཕན་བདེ་དེ་བས་ལེགས་པ་སྐྲུན་དགོས་ཞེས་ནན་གསུངས་གནང་བ་དང་།
        ཞི་ཅིན་ཕིང་གིས། ཀྲུང་ཀོན་ཚུན་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་རང་བདག་གསར་གཏོད་དཔེ་སྟོན་ཁུལ་དང་པོ་དེ་ཡིན་པ་དང་། ཀྲུང་ཀོན་ཚུན་གླེང་སྟེགས་ནི་འཛམ་གླིང་ཧྲིལ་པོའི་ཚན་རྩལ་གསར་གཏོད་ཀྱི་སྤེལ་རེས་དང་མཉམ་ལས་ལ་ཁ་ཕྱོགས་པའི་རྒྱལ་ཁབ་རིམ་པའི་སྟེགས་བུ་ཞིག་ཡིན། ཀྲུང་ཀོན་ཚུན་གྱིས་རེས་སྐོར་གསར་པའི་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པའི་སྒྱུར་བཅོས་བྱེད་པ་དང་འཛམ་གླིང་ཐོག་སྔོན་ཐོན་གྱི་ཚན་རྩལ་གླིང་ཁུལ་གང་མགྱོགས་འཛུགས་སྐྲུན་བྱས་ཏེ། འཛམ་གླིང་ཧྲིལ་པོའི་ཚན་རྩལ་གསར་གཏོད་ཀྱི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུར་ཀྲུང་གོས་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་ནན་གསུངས་གནང་ཡོད།
        སྤྱི་ལོ་2021ལོའི་ཀྲུང་ཀོན་ཚུན་གླེང་སྟེགས་དེ་སྤྱི་ཚེས་24ཉིན་པེ་ཅིང་དུ་འགོ་ཚུགས་པ་དང་། བརྗོད་དོན་གཙོ་བོ་ནི་༼བློ་གྲོས་དང་བདེ་ཐང་། ཐྰན་སྙོམས་སྒྲིག༽ཅེས་པ་དེ་ཡིན་ཞིང་། ཚན་རིག་ལག་རྩལ་པུའུ་དང་། ཀྲུང་གོའི་ཚན་རིག་ཁང་། ཀྲུང་གོའི་རྩལ་རིག་ལག་རྩལ་མཐུན་ཚོགས། པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ནས་ཐུན་མོང་ཐོག་གཙོ་གཉེར་བྱས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1