མདོ་དབུས་མཐོ་སྒང་གི་ཤར་རྒྱུད་ཞིབ་འཇུག་དང་མདོ་སྟོད་ཡུལ་ཤུལ་གྱི་ལོ་རྒྱུས་རྗེས་ཤུལ་སྐོར་གྱི་རིག་གཞུང་བགྲོ་གླེང་དེ་ཁྲེང་ཏུའུ་རུ་འཚོགས།

ཚུལ་ཁྲིམས་བཟང་པོ། དོན་གྲུབ་ཆོས་སྒྲོན། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-20


        

        སྤྱི་ཟླ་10པའི་ཚེས་18ཉིན། མདོ་དབུས་མཐོ་སྒང་གི་ཤར་རྒྱུད་ཞིབ་འཇུག་དང་མདོ་སྟོད་ཡུལ་ཤུལ་གྱི་ལོ་རྒྱུས་རྗེས་ཤུལ་སྐོར་གྱི་རིག་གཞུང་བགྲོ་གླེང་དེ་ཁྲེང་ཏུའུ་རུ་ཚོགས་འགོ་ཚུགས། ཚོགས་ཐོག་ཏུ་བོད་རིག་པའི་ཆེད་མཁས་པ་དང་རིག་གཞུང་ཞིབ་འཇུག་པ་སུམ་ཅུ་ལྷག་གིས་དུས་ཡུན་ཉིན་གཉིས་ཀྱི་རིང་མདོ་དབུས་མཐོ་སྒང་ཤར་རྒྱུད་ཀྱི་ལོ་རྒྱུས་རྗེས་ཤུལ་སྐོར་ལ་རིག་གཞུང་བགྲོ་གླེང་གནང་རྒྱུ་རེད། 

        ཚོགས་འདུ་འདི་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་ངོ་70འཁོར་བའི་དུས་སྟོན་དུ། མདོ་དབུ་མཐོ་སྒང་གི་ཤར་རྒྱུད་དང་ཡུལ་ཤུལ་ས་ཁུལ་གྱི་ལོ་རྒྱུས་རིག་གནས་རྗེས་ཤུལ་ལ་ཞིབ་འཇུག་བྱས་ནས། གནའ་ནས་བཟུང་མི་རིགས་སོ་སོ་ཕན་ཚུན་འགྲོ་འོང་དང་འབྲེལ་འདྲིས་བྱས་པའི་ལོ་རྒྱུས་དོན་དངོས་སྔོག་འདོན་དང་ལེགས་སྒྲིག །ཁྱབ་བསྒྲགས་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་མཐུན་མོང་གི་འདུ་ཤེས་སྲ་བརྟན་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏང་ཆེད། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་མི་དམངས་སྲིད་གཞུང་དང་སི་ཁྲོན་སློབ་ཆེན་ལོ་རྒྱུས་རིག་གནས་སློབ་གླིང་གཉིས་ཀྱིས་མཉམ་འབྲེལ་སྒོས་སྤེལ་བའི་རིག་གཞུང་བགྲོ་གླེང་ཞིག་རེད་ལ། རིག་ཚན་དང་མངའ་ཁོངས་སྣ་མང་བའི་རིག་གཞུང་བགྲོ་གླེང་ལ་སྐུལ་འདེད་དང་མི་རིགས་སོ་སོ་ཕན་ཚུན་འགྲོ་འོང་དང་འབྲེལ་འདྲིས་ཐད་ཤུགས་སྣོན་གྱི་ནུས་པ་ཐོན་ཡོད།
        རིག་གཞུང་བགྲོ་གླེང་གི་འགོ་བཙུགས་མཛད་སྒོ་དེ་སི་ཁྲོན་སློབ་ཆེན་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཁང་གི་སློབ་དཔོན་ཆེན་མོ་ལི་ཡུང་ཞན་གྱིས་འགོ་འཛིན་བྱས་པ་དང་། ཡུལ་ཤུལ་ཁུལ་གྱི་འབྲེལ་ཡོད་ལས་བྱེད་པས་ཡུལ་ཤུལ་ཁུལ་ཨུ་ཧྲུའུ་ཅི་ཚའོ་ཁྲེང་ཡུང་སོགས་ཀྱི་ཤིས་ཚིག་ཀློག་འདོན་བྱས། ད་དུང་ཡུལ་ཤུལ་གྲོང་ཁྱེར་གྱི་འགོ་འཛིན་གཞོན་པ་གུར་དྲག་གིས་ཤིས་ཚིག་ཕུལ་བ་དང་། སི་ཁྲོན་སློབ་ཆེན་གྱི་སློབ་དཔོན་ཆེན་མོ། ལོ་རྒྱུས་རིག་གནས་སློབ་གླིང་གི་གླིང་གཙོ་ཧུ་ཝེ་ཡིས་ཤིས་ཚིག་ཕུལ།

ཡུལ་ཤུལ་གྲོང་ཁྱེར་གྱི་འགོ་འཛིན་གཞོན་པ་གུར་དྲག་གིས་ཤིས་ཚིག་འབུལ་བཞིན་པ།

སི་ཁྲོན་སློབ་ཆེན་གྱི་སློབ་དཔོན་ཆེན་མོ། ལོ་རྒྱུས་རིག་གནས་སློབ་གླིང་གི་གླིང་གཙོ་ཧུ་ཝེ་ཡིས་ཤིས་ཚིག་འབུལ་བཞིན་པ།


ཡུལ་ཤུལ་ཁུལ་གྱི་འབྲེལ་ཡོད་ལས་བྱེད་པས་ཡུལ་ཤུལ་ཁུལ་ཨུ་ཧྲུའུ་ཅི་ཚའོ་ཁྲེང་ཡུང་སོགས་ཀྱི་ཤིས་ཚིག་ཀློག་འདོན་བྱེད་བཞིན་པ།



སི་ཁྲོན་སློབ་ཆེན་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཁང་གི་སློབ་དཔོན་ཆེན་མོ་ལི་ཡུང་ཞན་གྱིས་འགོ་འཛིན་བྱེད་བཞིན་པ།

        ཡུལ་ཤུལ་གྲོང་ཁྱེར་གྱི་འགོ་འཛིན་གཞོན་པ་གུར་དྲག་གིས་ཀྲུང་ཧྭ་མི་རིགས་དང་མདོ་དབུས་མཐོ་སྒང་གི་རིག་གནས་ལོ་རྒྱུས་འདི་ནི་ཡུན་རིང་པོ་ཞིག་ལ་གནས་ཡོད་པ་རེད་ལ། དེ་རིང་དགེ་རྒན་དང་ཞིབ་འཇུག་པ་རྣམས་གདན་ནས་མ་འོངས་པར་ལོ་རྒྱུས་དེ་བདེན་དཔང་ཡོད་པ། གནས་ལུགས་ཡོད་པ། ཡང་དག་པ་ཞིག་ཡོང་བའི་ཆེད་དུ་ཚོགས་འདུ་འདི་ཚོགས་པ་ཡིན། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་དང་མདོ་དབུ་མཐོ་སྒང་གི་རིག་གནས་འདི་ནི་རྒྱལ་ཡོངས་དང་འཛམ་གླིང་ཡོངས་ལ་ཁྱབ་བསྒྲགས་དང་། ངེད་ཡུལ་ཤུལ་ནི་རིག་གནས་ཀྱི་ལྟེ་བ་ལྟ་བུ་ཞིག་ཡིན་པས་མ་འོངས་པར་ཁོར་ཡུག་སྲུང་སྐྱོང་བ་དང་རིག་གནས་ལོ་རྒྱུས་ཡོངས་རྫོགས་འཛམ་བུ་གླིང་ལ་བསྒྲག་ཐུབ་པའི་སྨོན་ལམ་དང་རེ་བ་ཡོད་ཅེས་བཤད། 

རིག་གཞུང་བགྲོ་གླེང་གི་ཡུལ་དངོས།

        ཡུལ་ཤུལ་ཁུལ་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཨུ་ལྷན་གྱི་ཀྲུའུ་རེན་ཕུན་ཚོགས་ཟླ་བས་ད་ཐེངས་ཀྱི་ཚོགས་འདུ་ནི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པ་ཞིག་ཡིན་ལ། ལྷག་པར་དུ་ཚོགས་འདུ་འདི་ལ་བརྟེན་ནས་མ་འོངས་པར་མདོ་དབུས་ཤར་རྒྱུད་ཀྱི་གནའ་ཤུལ་དང་དེ་ལ་གནས་ཡོད་པའི་ཤུལ་བཞག་རིག་གནས་རྣམས་སྔོག་འདོན་དང་ཁྱབ་བསྒྲགས་བྱས་ནས། རིག་གནས་དེའི་གཟི་བྱིན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཇེ་དགའ་ཇེ་དར་འགྲོ་བར་ཤུགས་ཕྱུང་བཞིན་ཡོད་ཅེས་ཟེར། 
        སི་ཁྲོན་སློབ་ཆེན་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཁང་གི་སློབ་དཔོན་ཆེན་མོ་ལི་ཡུང་ཞན་གྱིས་ད་ཐེངས་རང་བྱུང་ཚན་རིག་དང་སྤྱི་ཚོགས་ཚན་རིག །ཁོར་ཡུག་ཚན་རིག །མི་རིགས་རིག་པའི་རྒྱབ་ལྗོངས་འོག །མཐོ་སྒང་ཤར་རྒྱུད་ས་ཁུལ་གྱི་སྣ་མང་ཕུན་སུམ་ཚོགས་པ་དང་ལྷག་པར་དུ་ཀྲུང་ཧྭ་མི་རིགས་འགྲོ་འོང་དང་འབྲེལ་འདྲིས་ཀྱི་ཁྱད་ཆོས་དེ་ལ་རྟོག་ཞིབ་དང་སྔོག་འདོན་བྱེད་ཆེད་ཚོགས་འདུ་ཚོགས་པ་རེད་ལ། འདི་ལ་རིག་གཞུང་སྡེ་ཁག་གིས་དོ་སྣང་བྱས་ནས་མི་དེ་ལས་མང་བ་ཞིག་གིས་རིག་གནས་འདིའི་རྒྱབ་ལྗོངས་འོག་རྟོག་ཞིབ་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད། །

ཚོགས་ཞུགས་ཆེད་མཁས་པའི་མཉམ་པར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1