ཤར་གོང་ལའི་ཕུག་ལམ་སྤུས་འབོར་གཉིས་ལྡན་ངང་སྐྲུན་བཞིན་ཡོད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-18


     ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་དུ་གནས་པའི་ཤར་གོང་ལ་གཡང་གཟར་བ་དང་གནམ་གཤིས་ཞན་པས“བོད་དུ་སྐྱོད་སའི་འགག་འཕྲང་དང་པོ”ཞེས་བརྗོད་ཀྱི་ཡོད། འགག་འཕྲང་དེ་བརྒྱུད་པའི་རྒྱལ་ལམ་349ཡི་དཔལ་འབར་ནས་ལྷ་རི་དུམ་བུའི་བསྐྱར་སྐྲུན་ལས་གྲྭའི་འགག་རྩའི་རྣམ་གྲངས་ཡིན་པའི་ཤར་གོང་ལའི་ཕུག་ལམ་ནུས་ཤུགས་ཡོད་རྒུས་སྐྲུན་བཞིན་ཡོད་པ་དང་། སྔོན་དཔག་བྱས་ན་སང་ལོ་ཤར་གཏོང་ཐུབ་རྒྱུ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཤར་གོང་ལའི་ཕུག་ལམ་ཚུད་པའི་རྒྱལ་ལམ་349ཡི་ལམ་ཐིག་བསྐྱར་སྐྲུན་རྒྱས་སྐྲུན་གྱི་ལས་གྲྭའི་རྣམ་གྲངས་ལེགས་གྲུབ་ཟིན་ན་སྐབས་དེ་དུས་ཆབ་མདོ་ནས་ལྷ་ས་བར་གྱི་བར་ཐག་སྤྱི་ལེ་300ལྷག་ཙམ་ཐུང་དུ་འགྲོ་རྒྱུ་དང་། ཆབ་མདོ་དང་ནག་ཆུ་ནས་ལྷ་ས་སོགས་སུ་ཤར་གཏོང་ཐུབ་ནུས་སྔར་བས་ལེགས་སུ་འགྲོ་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1