༄༅།།ཕྱག་ཕྲེང་བོད་ཀྱི་ཤ།

རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། 11-30


  བོད་ཀྱི་ཤ་རྒྱུ་དེ་ཕྱག་ཕྲེང་དུ་ཤ་རྩི་ཅེས་ཟེར།  ཤ་རྒྱུ་ནི་ཕྱག་ཕྲེང་མིས་འགྲུལ་པ་སྣེ་ལེན་བྱེད་པའི་རོ་མཆོག་ཟས་རིགས་ཤིག་ཡིན་པ་རེད།བོད་ཀྱི་ཤ་རྒྱུ་བཟོ་སྟངས་ནི་ཕག་དང་ཟོག་བཤས་གཏོང་རྗེས་ནང་ཁྲོལ་དང་ཤ་ལེན་ནས་གཙང་མ་འཁྲུད་རྗེས་ཕག་ཤ་དང་ཟོག་ཤ་ཕྲ་ཞིང་རིང་པོ་བཏུབ་པ་དང་།ཁྲག་དང་ཚྭ་སོགས་རིགས་སྣ་ཚོགས་ཀྱི་སྤོད་རྫས་མཉམ་དཀྲུགས་བྱས་ནས་བཞག་པ།དེ་རྗེས་འཐུང་རྒྱུ་དམ་བིའི་ཁ་བཅད་ནས་འཁྲུད་པའི་རྒྱུ་མ་དེ་དམ་བིའི་ཁ་ཐོག་འཐེན་ནས་དཀྲུག་ནས་བཞག་པའི་ཤ་དེ་རྒྱུ་མའི་ནང་བླུགས་ནས་སྐུད་ཐག་ཕྲ་མོ་ཡིས་ཁ་དམ་པོ་བསྡམས་ནས་ཆུ་ཁོལ་ནང་བཙོས་རྗེས་ཟ་ཆོག་པ།བོད་ཀྱི་ཤ་རྒྱུ་དེ་བྲོ་བ་ཧ་ཅང་ཞིམ་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1