རོང་བྲག་མཛེས་མའི་ལུང་བའི་བོད་ཀྱི་སྡོད་ཁང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 12-09



           དགུན་དུས་སུ། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རོང་བྲག་རྫོང་གི་གྲོང་སྡེ་དག་གི་ཁ་དོག་རྣམ་པར་བཀྲ་བ་ནི་རི་མོ་བ་ཞིག་གི་སྨྱུག་རྩལ་ལས་ཐོན་པའི་བརྩམས་ཆོས་དང་ཀུན་ནས་མཚུངས།

          རོང་བྲག་བོད་ཀྱི་གྲོང་སྡེ་ནི་རི་ངོས་སུ་ཆགས་ཤིང་། དཀར་དམར་མཉམ་འདྲེས་ཀྱི་སྡོད་ཁང་དག་རིམ་པ་ལྡན་པའི་སྒོ་ནས་རི་ལྡེབས་སུ་ཆགས་ཡོད་པ་རེད། དགུན་སྟོད་དུ་སྡོང་ལོ་རིམ་བཞིན་ཁ་དོག་བསྒྱུར་བ་དང་། རི་རྩེ་ཁ་བས་ཡོངས་སུ་གཡོགས་པ། རི་ཁྲོད་དུ་སྤྲིན་སྨུག་གིས་བཀླུབས་ཡོད། དབུས་ལམ་བོད་ཀྱི་གྲོང་སྡེ་རུ་ལོ་ལེགས་བྱུང་ཞིང་འབྲུ་རིགས་སྐམ་ཡོད་པའི་རྣམ་པ་མིག་ལམ་དུ་མངོན་ལ། དམར་མདངས་བཀྲ་བའི་སུར་པན་དང་སེར་ཐིང་ཐིང་གི་མ་རྨོས་ལོ་ཏོག་ཕན་ཚུན་འདྲེས་ནས་ཡིད་དུ་འོང་བའི་རང་བྱུང་རི་མོ་ཞིག་གྲུབ་ཡོད་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1