བོད་ཀྱི་བུད་མེད་སྙན་ངག་པ་ཚེ་རིང་མཁའ་འགྲོའི་སྙན་དེབ་ཐོག་མ་༼སེམས་ཁོང་གི་འཕར་སྒྲ།༽ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྲིགས། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 02-06


            ཉེ་ཆར། བོད་ཀྱི་བུད་མེད་སྙན་ངག་པ་ཚེ་རིང་མཁའ་འགྲོའི་སྙན་དེབ་ཐོག་མ་༼སེམས་ཁོང་གི་འཕར་སྒྲ།༽ཞེས་པ་དེ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས་ཏེ་རྒྱ་ཆེའི་ཀློག་པ་པོ་ཀུན་གྱི་སྤྱན་ལམ་དུ་ཕུལ་ཡོད།

            སྙན་ངག་པ་ཚེ་རིང་མཁའ་འགྲོ་ནི་གླིང་གེ་སར་རྒྱལ་པོའི་འཁྲུངས་ཡུལ་སྡེ་དགེ་ཞེས་མཚན་སྙན་གྱི་གྲགས་པ་འབར་བའི་ཡུལ་གྱི་ཆ་ཡིད་ལྷུང་ལྷ་མཚོ་ཞེས་པ་ནས་འཚར་ལོངས་བྱུང་ཞིང་། ད་ཐེངས་ཀྱི་༼སེམས་ཁོང་གི་འཕར་སྒྲ།༽ཞེས་པའི་སྙན་དེབ་འདིར། ཁོ་མོས་སྔོན་ཆད་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་རུ་སློབ་གཉེར་བྱེད་སྐབས་སུ་(1997ལོ་ནས་2001ལོའི་བར།)བྲིས་པའི་སྙན་རྩོམ་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་པར་སྐྲུན་བྱས་ཡོད་ཅིང་། རྩོམ་པ་པོས་སྙན་དེབ་འདི་པར་སྐྲུན་བྱེད་པའི་དམིགས་ཡུལ་ནི། སློབ་མའི་དུས་སྐབས་ཀྱི་དྭངས་གཙང་སླད་མེད་ཀྱི་བསམ་བློར་རྗེས་དྲན་དང་། ཀློག་པ་པོ་རྣམས་དང་བསམ་བློ་བརྗེ་རེས་བྱེད་པ། མཁས་པ་ཚོས་འདི་ལ་སྐྱོན་བརྗོད་དང་མཛུབ་སྟོན་གནང་བ་བཅས་ཀྱི་ཆེད་དུ་ཡིན་ཞེས་བཤད། །  



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1