གཙོ་ངོས།>> སྐྱེ་ཁམས།>>སྲོག་ཆགས།

རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༡༢ཚེས་༢༠ཉིན།

༄༅།།ཡར་ཀླུང་གཙང་པོའི་གྲོག་རོང་དུ་རི་སྐྱེས་སྲོག་ཆགས་གང་འདྲ་ཡོད་པ་ཤེས་སམ།

དམར་ཕྱིའི་པར་ཆས་ཀྱིས་པར་བླངས་པའི་གཟིག་སྐྱ། རི་ཆུ་རང་བྱུང་སྲུང་སྐྱོབ་ལྟེ་གནས་ཀྱི་མཁོ་འདོན་བྱས།

       ཀྲུང་གོའི་དམངས་ཁྲོད་རང་བྱུང་སྲུང་སྐྱོབ་ལས་ཁུངས་ཀྱི་རི་ཆུ་རང་བྱུང་སྲུང་སྐྱོབ་ལྟེ་གནས་ཀྱིས་ངོ་སྤྲོད་བྱས་པར། ཉེ་ཆར་ལྟེ་གནས་དེས་འགན་འཁུར་བའི་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་པོའི་སྐྱེ་དངོས་སྣ་མང་རང་བཞིན་བརྟག་དཔྱད་ལས་གཞིས་ལོ་དང་པོའི་བརྟག་དཔྱད་ལེགས་གྲུབ་བྱུང་བ་དང་། ཁྱོན་ཀྲུང་གོའི་རྒྱལ་ཁབ་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་རིགས་14དང་། རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་རིགས་22ཟིན་ཐོར་བཀོད་ཡོད་ལ། གནས་མང་པོ་ཞིག་ནས་གཟིག་སྐྱ་དང་། འཕར་བ་སོགས་མཐོ་རིམ་གཅན་གཟན་ས་ཁོངས་གཅིག་ཏུ་མཉམ་གནས་བྱེད་པའི་གནས་ཚུལ་ཤེས་ཡོད།

       ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་པོའི་རིང་ཚད་ཧྲིལ་པོར་སྟོང་སྨི་504.6ཡོད་པ་དང་། འཛམ་གླིང་སྟེང་གི་ཆེས་ཆེ་ཞིང་ཟབ་པའི་གྲོག་རོང་དེ་ཡིན། གྲོག་རོང་ཆེན་པོ་དེ་ནི་དུས་མཚུངས་སུ་འཛམ་གླིང་གི་རི་ཁུལ་སྐྱེ་ཁམས་མ་ལག་རྣམ་པ་དང་སྔོ་ཁེབས་རྣམ་པ། སྐྱེ་དངོས་ཚོམ་བུ་བཅས་ཆེས་ཕུན་སུམ་ཚོགས་པའི་གྲོག་རོང་གཤོང་ས་ཡིན་པ་དང་། འཛམ་གླིང་གི་སྐྱེ་དངོས་སྣ་མང་རང་བཞིན་34ཡོད་པའི་ས་ཁུལ་གྱི་གྲས་ཤིག་རེད།

དམར་ཕྱིའི་པར་ཆས་ཀྱིས་པར་བླངས་པའི་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་པོ། རི་ཆུ་རང་བྱུང་སྲུང་སྐྱོབ་ལྟེ་གནས་ཀྱིས་མཁོ་འདོན་བྱས།

       ཀྲུང་གོ་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུད་དང་དེ་བཞིན་ས་གནས་ཀྱི་འབྲེལ་ཡོད་སྡེ་ཁག་གི་རྒྱབ་སྐྱོར་འོག 2020ལོའི་ཟླ་10པ་ནས་2021ལོའི་ཟླ་11བར། ས་ཁོངས་དེའི་འདབ་ཆགས་དང་རི་དྭགས་སྣ་མང་རང་བཞིན་གྱི་གྲངས་གཞི་བརྟག་དཔྱད་དང་ཁ་གསབ་བྱ་ཆེད། བརྟག་དཔྱད་མི་སྣས་སྲུང་སྐྱོབ་ཁུལ་ནང་གི་བོད་ལྗོངས་ཉིང་ཁྲིའི་མེ་ཏོག་རྫོང་དང་། སྤོ་བོ་རྫོང་། སྨན་གླིང་རྫོང་བཅས་ནས་མཚོ་འཕགས་མི་གཅིག་པའི་དཔེ་སྟོན་ཁུལ་6དུ་དམར་ཕྱིའི་པར་ཆས་80བཙུགས་པ་རེད།

       2021ལོའི་ཟླ་11པའི་བར་དུ་དམར་ཕྱིའི་པར་ཆས་ཀྱིས་ཁྱོན་རི་སྐྱེས་སྲོག་ཆགས་རིགས་80ཟིན་ཐོར་བཀོད་པ་དང་། དེའི་ཁྲོད་དུ་རི་དྭགས་རིགས་36དང་འདབ་ཆགས་རིགས་44ཡོད། དེར་ཀྲུང་གོའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་རིགས་14ཡོད་པ་སྟེ། གཟིག་སྐྱ་དང་འཕར་བ། རྩི་ཅན་བྱི་ལ། ཧི་མ་ལ་ཡའི་རྒྱ། འབྲུག་གི་ར་རྒྱ། གཙོད་དམར་ཁྲ། ནགས་གླ། གླ་བ། གླ་ནག་སོགས་དང་། དེ་མིན་ད་དུང་སྔོན་ཆད་ས་ཁོངས་དེ་ནས་དམར་ཕྱིའི་པར་ཆས་ཀྱིས་ལྟ་དཔྱད་མ་ཐུབ་པའི་དངོས་རིགས་9པར་བླངས་ཡོད་པ་སྟེ། དེ་དག་སོ་སོ་ནི་གྲུམ་པ་དང་སྲེ་མོང་། སྲེ་མོང་ལྟོ་སེར། དྲེད་ མོང་། བྱ་མ་བྱི་དཀར་ནག་སོགས་རེད།  

དམར་ཕྱིའི་པར་ཆས་ཀྱིས་པར་བླངས་པའི་རི་སྐྱེས་སྲོག་ཆགས། རི་ཆུ་རང་བྱུང་སྲུང་སྐྱོབ་ལྟེ་གནས་ཀྱིས་མཁོ་འདོན་བྱས།

       བརྟག་དཔྱད་བྱས་ནས་མངོན་པར། ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ནི་ཀྲུང་གོའི་སྐྱེ་དངོས་སྣ་མང་རང་བཞིན་ཆེས་ཕུན་སུམ་ཚོགས་པའི་ས་ཁོངས་ཡིན་པ་དང་། གནས་མང་པོ་ཞིག་ནས་གཟིག་སྐྱ་དང་འཕར་བ་སོགས་མཐོ་རིམ་གཅན་གཟན་རིགས་མང་པོ་ཕྱོགས་གཅིག་ཏུ་མཉམ་གནས་བྱེད་པའི་གནས་ཚུལ་པར་བླངས་ཡོད་ལ། དེ་གའི་ཆ་ཚང་བའི་ནགས་ཚལ་སྐྱེ་ཁམས་མ་ལག་གིས་སྟུག་ཚད་མཐོ་བའི་རྨིག་པ་ཅན་གྱི་སྲོག་ཆགས་ལ་འདེགས་སྐྱོར་བྱས་པ་དང་། མཐོ་རིམ་གཅན་གཟན་ལ་བཟའ་བཅའ་དང་འཚོ་གནས་སྐྱེ་འཕེལ་བར་སྟོང་མཁོ་འདོན་བྱས་ཡོད་ལ། དུས་མཚུངས་སུ་ས་ཁོངས་དེའི་མཐོ་རིམ་གཅན་གཟན་རིགས་ཚོགས་གཏན་འཇགས་ཡོང་བ་ཁག་ཐེག་བྱས།

       རི་ཆུ་རང་བྱུང་སྲུང་སྐྱོབ་ལྟེ་གནས་ཀྱི་སྲུང་སྐྱོབ་ཀྲུའུ་རེན་ཀྲའོ་ཞང་གིས་ངོ་སྤྲོད་བྱས་པར། མ་འོངས་པར་ལས་གཞི་དེས་རྒྱུན་མཐུད་དུ་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཁྱབ་ཁོངས་ནང་དུ་རྩ་བ་ནས་བརྟག་དཔྱད་བྱས་ཏེ། སྲུང་སྐྱོབ་ཀྱི་ད་ལྟའི་གནས་བབ་དང་འཇིགས་སྐུལ་ལ་དཔྱད་དཔོག་བྱས་པ་མ་ཟད། དམིགས་འཛུགས་རང་བཞིན་གྱི་ཚན་རིག་སྲུང་སྐྱོབ་བྱ་སྤྱོད་སྤེལ་རྒྱུ་ཡིན་པ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1