གཙོ་ངོས།>> གསར་འགྱུར།>>སི་ཁྲོན་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། ༢༠༢༢ལོའི་ཟླ་བ་༠༡ཚེས་༡༤ཉིན།

དཀར་མཛེས་ཁུལ་གྱི་གློག་ཁང་ཞིག་ཏུ་དོན་རྐྱེན་ཚབས་ཆེན་ཐོན་འདུག



       སྤྱི་ཟླ་1ཚེས་12ཉིན་གྱི་ཆུ་ཚོད་14ཙམ་ལ་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་རོང་བྲག་རྫོང་ཀོན་ཀྲོའུ་ཆུ་གློག་ཁང་གི་འཕྲུལ་ཚན་ཨང་3པ་ཉམས་གསོ་བྱེད་སྐབས་བཟོ་ཁང་གི་ཆུ་སྦུག་འགོག་པའི་སྟེམ་སྒོར་གས་ཆག་ཤོར་ནས་ཉམས་གསོའི་མི་སྣ་11ཉམས་གསོ་བྱེད་ཁུལ་དུ་ལུས་ཡོད་པ་རེད། ཁ་སང་དགོང་མོའི་ཆུ་ཚོད་21བར། མི་2སྐྱོབ་ཐུབ་པ་དང་མི་1རྐྱེན་ལམ་དུ་ཤོར་བ། མིག་སྔའི་ཆར་རོགས་སྐྱོབ་ལས་དོན་སྔར་བཞིན་སྤེལ་མུས་ཡིན་པ་རེད། གློག་ཁང་མཐའ་འཁོར་དུ་ཡོད་པའི་ཐོག་བརྩེགས་ཁང་པ་དང་རླངས་འཁོར་ཁག་གཅིག་ཆུས་བསྣུབས་ཤིང་རྒྱལ་ལམ་350ལམ་ཐིག་གི་K1111+950བརྒྱུད་ཆད་ཟིན་པ་རེད།
       ཤེས་རྟོགས་བྱུང་བར་གཞིགས་ན། སྙན་སེང་འབྱོར་རྗེས་འཕྲལ་སྒྲུབ་དོ་དམ་པུའི་པུའུ་ཀྲང་ཧོང་མིང་གིས་འཕྲལ་མར་བཀོད་སྒྲིག་བྱས་ཏེ། འབྲེལ་གཏུག་མི་ཐུབ་མཁན་གང་མགྱོགས་ཞིབ་མཆན་འགོད་ཅིང་ཚན་རིག་དང་མཐུན་པའི་སྒྲིག་འཛུགས་དང་ནུས་ཤུགས་ཡོད་རྒུས་རོགས་སྐྱོབ་དང་ས་གནས་ས་ཐོག་ཏུ་ཐག་གཅོད་བྱེད་པའི་ལས་དོན་སྤེལ་ཡོད། ཆུ་གློག་ཁང་དང་དེ་བཞིན་མཐའ་འཁོར་ས་ཁོངས་ཀྱི་བདེ་འཇགས་དཔྱད་དཔོག་ཡག་པོ་བྱས་ཏེ་ཞོར་ཐོན་ལས་འཛོལ་ཐོན་རྒྱུར་སྔོན་འགོག་བྱེད་དགོས་པའི་བླང་བྱ་བཏོན་པ་མ་ཟད་ལས་དོན་ཚོགས་ཆུང་ས་གནས་ས་ཐོག་ཏུ་ཐག་གཅོད་དང་རྒྱུ་རྐྱེན་བརྟག་དཔྱད་སོགས་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱེད་པར་མངགས་གཏོང་བྱས་ཡོད་པ་རེད། 
       ལས་འཛོལ་ཐོན་རྗེས་དཀར་མཛེས་ཁུལ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་འཕྲལ་མར་མི་46དང་མེ་གསོད་རླངས་འཁོར་6 གདོང་མཆོང་གྲུ་གཟིངས་1བཅས་ས་གནས་ས་ཐོག་ཏུ་ལས་སྒྲུབ་བྱེད་དུ་མངགས་པ་དང་། སི་ཁྲོན་ཞིང་ཆེན་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་ཁྲེང་ཏུའུ་དང་གཡག་རྔ་སོགས་མཐའ་འཁོར་ས་ཁུལ་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གི་ཆུ་ཁོངས་རོགས་སྐྱོབ་སྟོབས་ཤུགས་ཁྱོན་མི་25དང་མེ་གསོད་རླངས་འཁོར་7 དེ་བཞིན་ཆུ་འཐེན་ཆེད་ལས་སྒྲིག་ཆས་རོགས་སྐྱོར་བྱེད་དུ་བཏང་ཡོད་པ་རེད། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1