གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ། ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། ༢༠༢༢ལོའི་ཟླ་བ་༠༡ཚེས་༢༦ཉིན།

གློག་འདོན་འཕྲུལ་འཁོར་ཆེ་ཤོས་དེ་མཚོ་སྔོན་ནས་སྤྱོད་འགོ་ཚུཊ་འདུག


           ཟླ་1ཚེས་23ཉིན་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ནུས་རྒྱུ་གསར་པའི་རྟེན་གཞིའི་ནུས་རྒྱུ་གསར་པའི་ཁ་འགྲེམ་ཅན་གྱི་གློག་འདོན་འཕྲུལ་འཁོར་21གི་གློག་འདོན་འཕྲུལ་འཁོར་མཐའ་མ་3ཚོད་ལྟའི་འཁོར་སྐྱོད་ནས་ཚོང་ལས་འཁོར་སྐྱོད་དུ་བསྒྱུར་བ་དེའི་ཐོག་ནས་འཛམ་གླིང་ཐོག་གི་གཞི་ཁྱོན་ཆེ་ཤོས་ཀྱི་ནུས་རྒྱུ་གསར་པའི་ཁ་འགྲེམ་ཅན་གྱི་གློག་འདོན་འཕྲུལ་འཁོར་མཚོ་སྔོན་དུ་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་། མཚོ་སྔོན་གྱི་ནུས་རྒྱུ་གསར་པའི་ཕྱིར་གཏོང་བྱེད་ནུས་སྟོང་ཝ་ཁྲི་350ཐད་ཀར་ཆེ་རུ་གཏོང་རྒྱུ་ཡིན་པ་མཚོན་ཡོད། 

           ལས་རིགས་ནང་ཁུལ་གྱི་རིགས་གཅིག་མཁས་ཅན་གྱིས་གློག་འདོན་འཕྲུལ་འཁོར་དེར་གློག་དྲའི་བརྟན་གནོན་འཕྲུལ་ཆས་ཞེས་བརྗོད་ཀྱི་ཡོད་པ་དང“གློག་དྲའི་གཞོགས་སུ”གཞི་ཁྱོན་ཆེན་པོས་སྤྱོད་ཀྱི་ཡོད་མོད། འོན་ཀྱང“གློག་ཁུངས་གཞོགས་སུ”བཀོལ་སྤྱོད་བྱེད་པ་དེ་ནི་ཐེངས་དང་པོ་ཡིན་པ་རེད།  མཚོ་སྔོན་ཞིང་ཆེན་དུ་ཉི་ནུས་དང་རླུང་ནུས་སོགས་ནུས་རྒྱུ་གསར་པའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་། ནུས་རྒྱུ་གསར་པའི་གློག་འདོན་གྱིས་བསྡུར་ཚད་ཧ་ཅང་ཆེན་པོ་བཟུང་ཡོད། ནུས་རྒྱུ་གསར་པའི་བར་གསེང་རང་བཞིན་དང་སྐབས་བསྟུན་རང་བཞིན། གཡོ་འགུལ་རང་བཞིན་བཅས་ཀྱི་ཁྱད་ཆོས་ལ་དམིགས་ནས“གློག་ཁུངས་གཞོགས་སུ”ཁ་འགྲེམ་རྣམ་པའི་གློག་འདོན་འཕྲུལ་འཁོར་ཆུང་གྲས་བསྒར་ན་ནུས་རྒྱུ་གསར་པའི་དམིགས་བསལ་མཐོ་གནོན་ཐད་རྒྱུག་གློག་གཏོང་ལས་གྲྭ་བདེ་འཇགས་དང་བརྟན་པོའི་ངང་འཁོར་སྐྱོད་ཐུབ་རྒྱུར་ཕན་ཐོགས་ཡོད་པ་རེད། 

         ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་བསྐྲུན་ནས་སྤྱོད་འགོ་ཚུགས་པའི་ནུས་རྒྱུ་གསར་པའི་ཁ་འགྲེམ་ཅན་གྱི་གློག་འདོན་འཕྲུལ་འཁོར་21ནི་འཛམ་གླིང་ཐོག་གི་དང་པོ་དང་མིག་སྔར་གཞི་ཁྱོན་ཆེ་ཤོས་ཀྱི་ནུས་རྒྱུ་གསར་པའི་ཁ་འགྲེམ་ཅན་གྱི་གློག་འདོན་འཕྲུལ་འཁོར་དེ་ཡིན་པ་རེད། དེའི་ནང་གློག་འདོན་འཕྲུལ་འཁོར་21ཚང་མ་རང་རྒྱལ་གྱིས་རང་བརྟེན་ཞིབ་འཇུག་གསར་བཟོ་བྱས་པ་ཞིག་ཡིན་པ་དང་། ཤེས་བྱའི་བདག་དབང་ཆ་ཚང་ཡོད་པ། འགུལ་རྣམ་ནུས་པ་ཡག་པོ་ཡོད་པ། ཚད་བརྒལ་ནུས་པ་ཆེ་བ་སོགས་ཀྱི་ལེགས་ཆ་ལྡན་ཡོད་པ་རེད། 
         གློག་འདོན་འཕྲུལ་འཁོར་འདི་སྤྱོད་འགོ་ཚུགས་རྗེས་མཚོ་སྔོན་ཞིང་ཆེན་གྱིས་སྔོན་དཔག་བྱས་ན་ལོ་རེར་ཆ་སྙོམས་ནུས་རྒྱུ་གསར་པའི་གློག་གཏོང་ཚད་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར་70.2འཕར་རྒྱུ་དང་། གལ་ཏེ་ཚང་མ་ཧྭ་དབུས་ས་ཁུལ་དུ་བཏང་ཚེ་ལོ་རེར་ཆ་སྙོམས་ས་གནས་དེ་གའི་མེ་གློག་གི་མ་བཅོས་རྡོ་སོལ་ཏུན་ཁྲི་318.9ཡི་ཚབ་བྱེད་ཆོག་པ་དང་དབྱང་གཉིས་ཐཱན་འགྱུར་ཏུན་ཁྲི་574.2བཙོག་འབུད་ཉུང་གཏོང་བྱེད་ཐུབ་རྒྱུ་ཡིན་པ་རེད། 
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1