༄༅། །བསྐྱི་དངུལ་དུས་ལྟར་མ་སྤྲད་ན་ཁྲིམས་མཐུན་ཁེ་དབང་ཇི་ལྟར་སྲུང་དགོས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-26


           བཀྲ་ཁོས་ཚོང་ལས་ཀྱི་མ་དངུལ་འཁོར་རྒྱུག་བྱེད་པར་དངུལ་འབོར་ཆེན་ཁོ་བས་ང་ལ་དངུལ་བསྐྱི་དགོས་ཟེར། ད་ཐོག་ངས་ཁོང་ལ་དངུལ་བསྐྱི་རྩིས་མ་བྱས་མོད།ཁོས་དངུལ་བསྐྱིས་ན་རོགས་རམ་རྒྱ་ཆེན་པོ་ཐོབ་པ་མ་ཟད་ད་དུང་སྐྱེད་ཀ་མཐོན་པོ་སྟེར་རྒྱུའི་ཁས་ལེན་བྱས་པས། ད་བཟོད་དངུལ་བསྐྱི་རྒྱུའི་འཐད་པ་བྱུང་བ་དང་ཆབས་ཅིག ཁོས་ང་ལ་དངུལ་ཆད་ཡིག་གཅིག་ཀྱང་བྲིས་ནས་བྱིན།

           ཉེ་ལམ་ངེད་གཉིས་ཀྱི་ཁ་ཆད་བྱས་པའི་དངུལ་སྤྲོད་ཉིན་མོར་ཐོན་ཟིན་མོད་ཁོས་འགོར་འགྱངས་བྱས་ནས་བསྐྱི་དངུལ་ཕྱིར་མི་སྤྲོད་པ་མ་ཟད། ད་དུང་དངུལ་མེད་ཚུལ་གྱི་གནས་ཚུལ་རབ་དང་རིམ་པ་བཤད། ཡིན་ཡང་མི་གཞན་གྱི་ཁ་ནས་གོ་བ་ལྟར་ན་བཀྲ་ཁོ་ལ་དངུལ་ཡོད་མོད། ཁོས་ང་ལ་བསྐྱིས་དངུལ་ཕྱིར་མ་བྱིན་པའི་རྒྱུ་མཚན་ནི་དང་ཐོག་སྐྱེད་ཀ་མཐོན་པོ་སྟེར་རྒྱུ་ཁས་བླངས་པར་འགྱོད་པ་སྐྱེས་ལ་ཁོའི་སེམས་སུ་ངས་ཁྲིམས་ཁང་ནང་དུ་ཞུ་གཏུག་བྱས་རྗེས་ཁྲིམས་བཀོད་ལྟར་སྐྱེད་ཀ་སྟེར་རྒྱུའི་སེམས་ཐག་བཅད་ཡོད་པ་རེད། དེ་ན་ངས་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱས་ན། ཁས་བླངས་པའི་སྐྱེད་ཀ་མཐོན་པོ་དེ་ལེན་ཐུབ་བམ། །

           ཁྱེད་ཀྱིས་བཤད་པའི་གྱོད་དཔེ་ལྟར་ན། གཅིག་ནས་བཀྲ་ཁོས་ཁྱོད་ལ་མ་དངུལ་འཁོར་རྒྱུག་བྱེད་པའི་ཆེད་དུ་དངུལ་བསྐྱིས་པའི་བདེན་དཔང་དང་། གཉིས་ནས་བསྐྱིས་དངུལ་སྤྲོད་པའི་གཏན་ཁེལ་ཉིན་མོར་ཐོན་པའི་བདེན་དཔང་བཅས་ཚང་དགོས། དེ་ལྟར་ཁྱེད་ལ་བདེན་དཔང་འདི་གཉིས་ཡོད་ན་ཕ་རོལ་བོར་བསྐྱིས་དངུལ་བདའ་འདེད་བྱ་ཆོག་པ་དང་། གལ་ཏེ་ཁོས་སྔར་བཞིན་མ་སྤྲད་ན་ཁྱེད་ཀྱིས་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱ་ཆོག དང་ཐོག་དངུལ་བསྐྱི་བའི་སྐབས་སུ་སྐྱེད་ཀ་མཐོན་པོ་སྟེར་རྒྱུའི་ཁ་ཆད་བཞག་ཡོད་ཚེ། བཅའ་ཁྲིམས་ཁྲིམས་སྲོལ་གྱི་འབྲེལ་ཡོད་གཏན་ཁེལ་ལྟར་ན། སྐྱེད་ཀའི་ཚད་ཐིག་ལས་བརྒལ་བའི་བསྐྱིས་དངུལ་གྱི་སྐྱེད་ཀའི་ཆ་ཤས་དེ་ནུས་མེད་ཡིན་ནའང་། ཁྱེད་ཀྱིས་བསྐྱིས་དངུལ་འདིའི་འོས་འཚམ་གྱི་ཁྲིམས་བཀོད་སྐྱེད་ཀ་སྟེར་བའི་རེ་འདུན་བཏོན་ཆོག  སྐྱེད་ཀའི་དུས་ཡུན་འདིར་མཚོན་ན། ཁྲིམས་འཛིན་འགྲེལ་བཤད་ཀྱི་འབྲེལ་ཡོད་གཏན་འཁེལ་ལྟར་ན། དམངས་ཁྲོད་བསྐྱིས་དངུལ་གྱི་སྐྱེད་ཀའི་ཚད་ནི་དངུལ་ཁང་གི་སྐྱེད་ཀའི་ཚད་ལས་མཐོ་ཆོག་མོད། འོན་ཀྱང་དངུལ་ཁང་གི་རིགས་གཅིག་པའི་བསྐྱིས་དངུལ་གྱི་སྐྱེད་ཀའི་ཚད་ཀྱི་ལྡབ་བཞི་ལས་བརྒལ་མི་ཆོག དམངས་ཁྲོད་བསྐྱིས་དངུལ་གྱི་སྐྱེད་ཀ་དངུལ་ཁང་གི་རྩ་བའི་ཚད་གཞིའི་སྐྱེད་ཀའི་ཚད་ཀྱི་ལྡབ་བཞི་ལས་བརྒལ་མི་ཆོག་པ་དང་། བརྒལ་བའི་ཆ་ཤས་དེ་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་མི་བྱའོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1