གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༢ཚེས་༢༧ཉིན།

ཡུས་ཀྲེན་ཧྲེང་གྱིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ལྷན་གྱི་ཀྲུའུ་ཞི་ཚོགས་འདུ་ཐེངས་ཉེར་ལྔ་པ་གཙོ་སྐྱོང་གནང་།

         སྤྱི་ཟླ་2པའི་ཚེས་25ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེན་ཧྲེང་གིས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ལྷན་གྱི་ཀྲུའུ་ཞི་ཚོགས་འདུ་ཐེངས་ཉེར་ལྔ་པ་གཙོ་སྐྱོང་གནང་སྟེ་འཚོགས། 


  ཚོགས་འདུའི་ཐོག་ཏུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ཐད་ཀྱི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་གནང་ཤིང་། སྲིད་གྲོས་རྒྱལ་ཡོངས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་ཞུའི་འཆར་ཟིན་གྱི་བསམ་འཆར་སྐོར་ལ་ཞིབ་འཇུག་གནང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་སྙིང་དོན་ལག་བསྟར་དོན་འཁྱོལ་གནང་ནས་ཚོགས་འདུའི་ཀུན་སྤྱོད་ལེགས་བསྒྱུར་བྱེད་པའི་ཐབས་ཇུས་ཞེས་པ་དང་། 2015ལོའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཕྱི་ཕྱོགས་འབྲེལ་འདྲིས་འཆར་གཞི་བཅས་ལ་གྲོས་ཞིབ་གནང་ནས་གྲོས་འཆམ་བྱུང་། སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་གསུམ་པ་དང་། རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དགུ་པའི་གྲ་སྒྲིག་ལས་དོན་གྱི་གནས་ཚུལ་སྙན་ཞུ་བྱས་པར་གསན་པ། སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ལྷན་གྱི་ཨུ་ཡོན་ཁ་སྣོན་མིང་ཐོ་དང་འབྲེལ་ཡོད་མི་དོན་དོན་ཚན་གཞན་དག་གི་འཆར་ཟིན་སོགས་ལ་གྲོས་ཞིབ་གནང་ནས་གྲོས་འཆམ་བྱུང་། །

 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1