མི་མངོན་པའི་རྐྱེན་ངན་ཁྱོན་ཡོངས་ནས་ཚགས་བཤེར་བྱས་ཏེ་བཅོས་སྒྲིག་གི་གྲུབ་འབྲས་སྲ་བརྟན་དུ་བཏང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 04-01



རོང་བྲག་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་སྡེ་ཚན་མང་པོ་དང་མཉམ་འབྲེལ་བྱས་ནས་སྡོད་ཁང་གི་མི་མངོན་པའི་མེ་སྐྱོན་རྐྱེན་ངན་ཚགས་བཤེར་དང་བཅོས་སྒྲིག་བྱས།

མི་མངོན་པའི་རྐྱེན་ངན་ཁྱོན་ཡོངས་ནས་ཚགས་བཤེར་བྱས་ཏེ་བཅོས་སྒྲིག་གི་གྲུབ་འབྲས་སྲ་བརྟན་དུ་བཏང་།
མེ་ཟོན་བཀོད་འདོམས་པས་མེ་ཟོན་སྒྲིག་ཆས་ལ་ཞིབ་བཤེར་བྱེད་བཞིན་པའི་ཚུལ།


སྔར་ལས་ལྷག་པར་མེ་ཡི་མི་མངོན་པའི་རྐྱེན་ངན་སེལ་བ་དང་ཁོངས་གཏོགས་སྡོད་ཁང་གི་མེ་ཟོན་ཉེན་མེད་ཡོང་བར་འགན་ལེན་བྱ་ཆེད། སྤྱི་ཟླ3པའི་ཚེས21ནས23ཉིན་བར། རོང་བྲག་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་རྫོང་གི་འཚུབ་བསྟུན་དང་སྡོད་ཁང་འཛུགས་སྐྲུན། འགྲིམ་འགྲུལ། ཕྱོགས་བསྡུས་ཁྲིམས་འཛིན་ཅུས། ཁྲོམ་ར་ལྟ་སྐུལ་སོགས་སྡེ་ཚན་ཁག་དང་མཉམ་འབྲེལ་ཚགས་བཤེར་ཚོ་ཆུང་བཙུགས་ནས་ཁོངས་གཏོགས་སྡོད་ཁང་གི་མེ་ཡི་མི་མངོན་པའི་རྐྱེན་ངན་ཚགས་བཤེར་དང་བཅོས་སྒྲིག་ལས་དོན་སྤེལ་བ་རེད།

ཚགས་བཤེར་བརྒྱུད་རིམ་ཁྲོད་དུ། མཉམ་འབྲེལ་ཚགས་བཤེར་ཚོ་ཆུང་གིས་སྐབས་བསྟུན་ཟུར་བཤེར་གྱི་བྱེད་ཐབས་སྤྱད་ནས་སྡོད་ཁང་འཛུགས་སྐྲུན་ཁག་གི་མེ་གསོད་རླངས་འཁོར་བགྲོད་ལམ་དང་། ཁ་འགྲེམས་བགྲོད་ལམ་ཤར་བགྲོད་ཐུབ་མིན། སྡོད་ཁང་ནང་གི་མེ་གསོད་མ་ལག་དང་རང་འགུལ་ཆུ་གཏོར་མ་ལག། རང་འགུལ་ཉེན་བརྡ་མ་ལག། འཚུབ་བསྟུན་གློག་སྒྲོན་དང་ཁ་འགྲེམས་མཛུབ་སྟོན་མཚོན་རྟགས། མེ་གསོད་ཡོ་བྱད། མེ་འགོག་སྒོ་བཅས་ལ་སྐྱོན་ཡོད་མེད་དང་། གློག་སྒུལ་རྐང་འཁོར་ལ་གློག་གསོག་སྟངས་དང་འཇོག་སྟངས་ཚད་ལྡན་ཡིན་མིན་བཅས་གཙོ་གནད་དུ་བཟུང་ནས་ཚགས་བཤེར་བྱས། དེ་དང་ཆབས་ཅིག་ཚགས་བཤེར་ཚོ་ཆུང་གི་འབྲེལ་ཡོད་འགན་འཁུར་བས་རྒྱུན་གཏན་གྱི་མེ་ཟོན་སྐོར་ཞིབ་ལ་ཤུགས་བརྒྱབ་ནས་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་མཐོང་ཐུབ་པ་དང་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་སེལ་ཐུབ་པར་མ་ཟད། སྡོད་ཁུལ་དོ་བདག་ལ་མེ་ཟོན་ཤེས་བྱ་དྲིལ་བསྒྲགས་བྱས་ཏེ་ཁང་བདག་གི་མེ་ཟོན་ཉེན་མེད་འདུ་ཤེས་ཇེ་དྲག་ཏུ་གཏང་དགོས་པའི་བླང་བྱ་བཏོན་པ་རེད།

ཚགས་བཤེར་བྱེད་སྐབས་སྡོད་ཁུལ་ཁ་ཤས་སུ་མེ་ཟོན་སྒྲིག་བཀོད་འཐུས་ཚང་དང་གོ་ཆོད་པོ་མེད་པ་དང་མེ་ཟོན་ཡོ་བྱད་ཁག་ཅིག་སྒྲིག་སྦྱོར་ཆ་ཚང་མེད་པ། ཁ་འགྲེམས་བགྲོད་ལམ་དུ་དངོས་པོ་གང་བྱུང་དང་གློག་སྒུལ་རྐང་འཁོར་གང་བྱུང་འཇོག་པ། མེ་གསོད་རླངས་འཁོར་གྱི་བགྲོད་ལམ་བཟུང་སྤྱོད་བྱེད་པ་སོགས་མེ་ཟོན་བདེ་འཇགས་ཀྱི་གནད་དོན་ཡོད་པ་ཤེས་རྟོགས་བྱུང་། ཚགས་བཤེར་བྱས་འབྲས་ཀྱི་གནད་དོན་ལ་དམིགས་ནས། མཉམ་འབྲེལ་ཚགས་བཤེར་ཚོ་ཆུང་གིས་འབྲེལ་ཡོད་དོ་དམ་སྡེ་ཚན་དང་མི་སྒེར་ལ་བྱེད་པོའི་འགན་འཁྲི་ཏན་ཏིག་འཁུར་བ་དང་། དུས་ཐོག་ཏུ་གཏོར་སྐྱོན་ཤོར་བའི་མེ་གསོད་སྒྲིག་ཆས་ཞིག་གསོ་དང་བརྗེ་བ། མེ་གསོད་ཡོ་ཆས་ཆ་ཚང་སྒྲིག་པ། སྐས་ལམ་དང་ཉེན་མེད་འབུད་སྒོ་སོགས་གནད་ཆེ་སའི་དངོས་རོ་སེལ་བ། མེ་གསོད་རླངས་འཁོར་འགྲོ་ལམ། དེ་བཞིན་གློག་སྒུལ་རྐང་འཁོར་གྱི་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ཀྱིས་རླངས་འཁོར་ཚུལ་མཐུན་ངང་འཇོག་པར་ཁྲིད་སྟོན་བྱས།

ཐེངས་འདིའི་ཚགས་བཤེར་བརྒྱུད་ནས་ཁོངས་གཏོགས་སྡོད་ཁུལ་ཁག་གི་དོ་དམ་སྡེ་ཚན་དང་མི་སྣ། དེ་བཞིན་དུད་ཚང་བཅས་ཀྱི་མེ་སྐྱོན་འགོག་ཟོན་འདུ་ཤེས་ཇེ་ཆེར་སོང་བ་དང་། སྔར་ལས་ལྷག་པར་སྡོད་ཁང་འཛུགས་སྐྲུན་བཅོས་སྒྲིག་གི་ཁོར་ཡུག་ཅིག་ཆགས་པ་དང་བཅོས་སྒྲིག་ལས་དོན་གོ་རིམ་ལྡན་པའི་ངང་སྐུལ་འདེད་དང་བཅོས་སྒྲིག་གྲུབ་འབྲས་སྲ་བརྟན་དུ་བཏང་ཐུབ་ཡོད། ཕྱིན་ཆད་རུ་ཆེན་གྱིས་སྡོད་ཁང་འཛུགས་སྐྲུན་གྱི་མི་མངོན་པའི་མེ་སྐྱོན་རྐྱེན་ངན་ཚགས་བཤེར་ལས་དོན་མུ་མཐུད་དེ་སྤེལ་ནས་གཞིས་ལས་དོ་དམ་ཚན་པས་མེ་ཟོན་ཉེན་མེད་ཀྱི་བྱེད་པོའི་འགན་འཁྲི་ནན་ཏན་ངང་བསྒྲུབ་རྒྱུར་ལྟ་སྐུལ་བྱས་ཏེ་མེ་ཟོན་འགན་འཁྲིའི་འདུ་ཤེས་ཇེ་ཆེར་བཏང་ནས་སྡོད་ཁང་འཛུགས་སྐྲུན་གྱི་མེ་ཟོན་ཉེན་མེད་ཡོང་བའི་ནུས་པའི་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏང་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1