རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྲིད་གཞུང་གི་ལས་ཀའི་སྙན་ཞུ་ཕུལ་ཡོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-06


           སྤྱི་ཟླ་3པའི་ཚེས་5ཉིན་གྱི་སྔ་དྲོར། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པ་དེ་མི་དམངས་ཚོགས་ཁང་ཆེན་མོ་རུ་འཚོགས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྲིད་གཞུང་གི་ལས་ཀའི་སྙན་ཞུ་ཕུལ། སྙན་ཞུ་མ་འབུལ་བའི་སྔོན་ལ། ལི་ཁེ་ཆང་གིས་རྒྱལ་ཡོངས་མི་དམངས་ཀྱི་ལྒང་ཞུའི་དུས་ཆེན་ལ་བཀྲ་ཤིས་རྟེན་འབྲེལ་ཞུས།

           ཙུང་ལི་ལི་ཁེ་ཆང་གིས་ད་ལོའི་སྲིད་གཞུང་གི་ལས་ཀའི་སྙན་ཞུ་ཡི་ཁྲོད་དུ། སྤྱིའི་ཆ་ནས་གནད་དོན་མང་ཞིང་གྲུབ་འབྲས་ཉུང་ཞེས་གསུངས། ཁོང་གིས་རུལ་སུངས་ཀྱི་གནད་དོན་སྐོར་སྙན་ཞུའི་ནང་འདི་ལྟར་གསུངས་ཡོད་དེ། རུལ་སུངས་ཀྱི་གནད་དོན་ཁ་ཤས་ཧ་ལས་པ་ཞིག་རེད། དཔོན་གཟུགས་འཛིན་པ་ལས་གཞུང་དོན་མི་བསྒྲུབ་པ་དང་། དཔོན་གནས་བསམ་པ་ལས་སྲིད་གཞུང་མི་བསམ་པར་བསྒྲུབ་འོས་པའི་ལས་དོན་ཅི་ཡང་བསྒྲུབ་བཞིན་མི་འདུག་ཅེས་བསྟན།  སྙན་ཞུའི་ནང་དུ་ད་དུང་། ཁོར་ཡུག་སྦག་བཙོག་ནི་དམངས་འཚོའི་གནད་དོན་གལ་ཆེན་ཞིག་རེད་ལ་དམངས་སེམས་ཀྱི་སྡུག་བསྔལ་ཡང་རེད། ད་ལོར་སྦག་བཙོག་ཇེ་ཉུང་དུ་གཏང་བའི་དུས་མཚུངས་སུ་རྡོ་སྣུམ་ཐོན་རྫས་ཀྱི་སྤུས་ཀ་ཇེ་ལེགས་སུ་གཏང་རྒྱུ་ཡིན་ལ། སྦག་བཙོག་བྱེད་མཁན་ལ་འགན་འཁྲི་རྗེས་འདེད་གཏང་རྒྱུ་ཡིན་ཞེས་བསྟན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1