གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༣ཚེས་༡༢ཉིན།

ཧྥེ་གླིང་དུ་ལོ་ངོ་ཁྲི་280སྔོན་གྱི་མིའི་རིགས་ཀྱི་འགྱུར་རྡོ་ཞིག་གསར་རྙེད་བྱུང་ཡོད།

ཨེ་སེ་ཨོ་ཕི་ཡ་རུ་རྙེད་པའི་ལོ་ངོ་ཁྲི་280སྔོན་གྱི་མིའི་རིགས་ཀྱི་མ་མགལ་རུས་པའི་འགྱུར་རྡོའི་འདྲ་པར། 

            སྤྱི་ཟླ་3པའི་ཚེས་4ཉིན། དབྱིན་ཇིའི་རྒྱང་བསྒྲགས་སྤྱི་གཉེར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།   ཉེ་ཆར་ཨེ་སེ་ཨོ་ཕི་ཡ་རུ་ཨ་རིའི་ཚན་རིག་པས་ད་བར་ལོ་རྒྱུས་ཆེས་རིང་བའི་མིའི་རིགས་ཀྱི་འགྱུར་རྡོ་ཞིག་རྙེད་ཡོད་ལ།   འགྱུར་རྡོ་དེ་ནི་ཕ་ཆེར་ལོ་ངོ་ཁྲི་280འགོར་བའི་མིའི་རིགས་ཀྱི་མ་མགལ་རུས་པའི་འགྱུར་རྡོ་ཞིག་ཡིན་པ་རེད།

           འགྱུར་རྡོ་འདི་ནི་ཧྥེ་གླིང་གི་ཨེ་སེ་ཨོ་ཕི་ཡ་རུ་གསར་རྙེད་བྱུང་ཞིང་། དེ་ནི་གནའ་མིའི་མ་མགལ་རུས་པའི་གཡས་གཞོགས་ཀྱི་ཕྱེད་ཀ་ཞིག་ཡིན་ལ།  དེའི་ཐོག་སོ་5ཡོད་པ་རེད། ཞིབ་འཇུག་ཚོགས་པས།   སོ་ཡི་དབྱིབས་དང་རྣམ་པ། སྒྲིག་པའི་གོ་རིམ་བཅས་ཀྱི་ཐོག་ནས་དེ་ནི་མིའི་རིགས་ཀྱི་མེས་པོའི་རུས་པ་ཡིན་པའི་ཁྱད་ཆོས་མང་པོ་རྙེད་ཐུབ་པར་མ་ཟད། འགྱུར་རྡོ་འདི་ནི་ད་ལྟའི་བར་རྙེད་སོན་བྱུང་བའི་ཆེས་སྔ་བའི་མིའི་རིགས་ཀྱི་འགྱུར་རྡོ་ལས་ཀྱང་ལོ་རྒྱུས་རིང་པོ་འདུག  ད་ཐེངས་གསར་རྙེད་བྱུང་བའི་འགྱུར་རྡོ་འདིས་ནི་ ཁོར་ཡུག་གི་འགྱུར་ལྡོག་འོག་ཏུ་མིའི་རིགས་ཀྱིས་ལྗོན་ཤིང་ལ་གཞིས་བཅས་པའི་དུས་རབས་ཀྱི་མཇུག་རྫོགས་ནས་ས་ངོས་སུ་འཚོ་བ་རོལ་ཞིང་ཀེར་ལངས་ཀྱིས་བགྲོད་ཤེས་པར་ར་སྤྲོད་གསལ་བོ་བྱས་ཡོད་ཅེས་བསྟན། །    

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1