སྐྱེམ་ཆང་ཕོར་བ་གང་།

ལྗགས། (མགོ་ལོག) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-02


གལ་ཏེ། ཁྱོད་རང་སང་ཉིན་ཏན་ཏན་འགྲོ་དགོས་ཚེ།


 ངས་བརྩེ་གདུང་དང་མིག་ཆུ་ཡུག་གཅིག་ཏུ་བསྲེས་ནས།


 ཁྱོད་ལ་རྟེན་དུ་ཉར་ཆོག་པའི་ལེགས་སྐྱེས་ཤིག་འཚོལ་དགོས།




 རི་རབ་ཀྱི་མགུལ་དུ་འཁྲིགས་པའི་སྨུག་པ་དང་།


 སྤྲིན་གྱི་ཟ་ཟུར་ནས་བརྡོལ་བའི་ཆར་ཐིགས་རེ་རེས།


 ངས་ཁྱོད་ལ་རལ་དུ་མེད་པའི་ལྭ་བ་ཞིག་བཟོ་དགོས།




 ནམ་མཁའ་སྟོང་བ་འདིའི་འོག་ཏུ།


 རི་བོ་མཐོན་པོ་དེའི་ཕར་ནང་དུ།


 དྲོད་དང་སེམས་པས་གཉོར་བའི་མེ་ཏོག་ཅིག་གདབ་དགོས།


 གལ་ཏེ། ཁྱོད་རང་སང་ཉིན་འགྲོ་དགོས་པའི་དབང་དུ་བཏང་ན།


 ངས་རང་གི་སེམས་པ་སྙི་མོ་འདི་དང་མིག་ཆུ་འཛད་མེད་དེས།


 ཚིག་དང་ཐ་སྙད་ཀྱིས་མཚོན་མི་ཐུབ་པ་དེ་དག་ཀྱང་རྫོགས་པར་ཞུ་ན་བསམ།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1