ལྷ་སའི་སྐྱིད་ཆུ་དང་སྒེའུ་ཁུང་ངོགས་ཀྱི་རི་མོ།

དགའ་བཀྲ་ཤིས་རྡོ་རྗེ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-07


ཐག་རིང་མ་ཡིན་པའི་ཐག་རིང་ཞིག་ན།

དྲོད་ཁོལ་དང་རྨི་ལམ་མཉམ་དུ་སྦས་ཡོད།

འབྲལ་དཀའ་བའི་བརྩེ་བ་ཁོ་ན་ཡིད་ལ་སྒོམ་ཡོད།

ངག་གི་བརྡ་དོན་ཡིག་ཆུང་གི་འགྲོས་ལ་སྦྲེལ་ཉིན་ནས།

བདག་ལ་སེམས་ཁྲལ་གྱི་རྨི་ལམ་ལྷག་མ་འཁྱིལ།

སྐྱིད་ཆུ་ལགས། ཁྱོད་ཀྱི་ཉེ་འགྲམ་ན་དམར་པོ་རི་ཡོད།

སྒེའུ་ཁུང་ནས་ཕོ་བྲང་དང་ཕོ་བྲང་གི་རྒྱ་ཕིབས་མཇལ་ཆོག

སྒེའུ་ཁུང་ནས་ཉི་འོད་དང་ཉི་འོད་ཀློང་གི་རྨི་ལམ་འཚོ་ཆོག

སྒེའུ་ཁུང་ནས་ཤ་གསེང་རུས་གསེང་གི་དབྱངས་གསལ་གྱེར་ཆོག

ཉི་མ་ལྷ་སའི་བར་སྐོར་གྱི་ཆང་ཁང་ནང་ནས།

སེམས་ངལ་གྱི་གདུང་བ་གཞས་སུ་བཏང་ཆོག

ཉི་འོད་དང་ཁད་ཉེ་བའི་གྲོང་ཁྱེར་དེ་ཡི།

སྒེའུ་ཁུང་གི་མེ་ཏོག་རེ་རེ་སེམས་སུ་བཞད་དེ།

རྡོ་རིང་གི་མདུན་ནས་ཁ་རླངས་དྲོད་པོ་གང་འདོད་དུ་འབྱིན་ཆོག

ལྷོད་ཤིག་ཤིག་གི་སྐྱིད་ཆུ་ཁོ་ན།

ཉི་འོད་ཀྱི་བཀྲག་མདངས་ཁུར་བའི་སྐྱིད་ཆུ་ཁོ་ན།

ཆབ་རོམ་གྱི་སྒྲོག་ཏུ་མ་ཚུད་པའི་གཡུ་འབྲུག་སྔོན་མོ། 


རྩོམ་ཡིག་སྔོན་མ།
ནང་སེམས་ཀྱི་ཀུན་རྟོག།
རྩོམ་ཡིག་རྗེས་མ།
ཕ་ཡུལ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1