2015ལོ་དེ་ཚ་བ་ཆེ་ཤོས་ཀྱི་ལོ་རུ་འགྱུར་རྒྱུ་རེད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-18


          ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་གསལ། ཨ་རིའི་རྒྱལ་ཁབ་རྒྱ་མཚོ་དང་རླུང་ཁམས་ཆེན་མོ་དོ་དམ་ཅུས་ཀྱི་ཚན་རིག་མཁས་པས་སྤྱི་ཟླ་3པའི་ཚེས་12ཉིན། ཨེར་ཉི་ནོ་སྣང་ཚུལ་སླར་ཡང་ཐོན་རྒྱུ་ཡིན་པས། སྤྱི་ལོ་2015ལོ་འདི་གནམ་གཤིས་ཀྱི་ཟིན་ཐོ་འགོད་པའི་ལོ་རྒྱུས་བྱུང་ཚུན་དུ་ཚ་བ་ཆེ་ཤོས་ཀྱི་ལོ་ཞིག་ཏུ་འགྱུར་རྒྱུ་རེད་ཅེས་ཁྱབ་བསྒྲགས་བྱས་འདུག

          ཨེར་ཉི་ནོ་སྣང་ཚུལ་ཞེས་པ་ནི་ལོ་འགའ་ཤས་སོང་མཚམས་ནུབ་ཞི་བདེ་རྒྱ་མཚོ་ཆེན་མོའི་དྲོད་རླུང་དེ་དྲོད་ཚད་ཅུང་དམའ་བའི་ཤར་ཞི་བདེ་རྒྱ་མཚོ་ཆེན་མོའི་ཆུ་ངོས་སུ་ལྡང་ཞིང་། དྲོད་རླུང་དེ་ལྡང་བའི་རྐྱེན་གྱིས་དྲོད་རླུང་གི་སྟེང་ངོས་ཀྱི་མཁའ་རླུང་གི་དྲོད་ཚད་མཐོ་རུ་འགྲོ་བ་དང་། དེ་རྗེས་མཁའ་རླུང་གི་གནོན་ཤུགས་ལ་འགྱུར་བ་འགྲོ་བ་དང་དུས་རླུང་གི་ཤུགས་ཚད་ཆུང་དུ་འགྲོ་བའམ། ཡང་ན་དུས་རླུང་གི་ཁ་ཕྱོགས་ཡོངས་སུ་འགྱུར་བའི་སྣང་ཚུལ་ཐོན་པ་ལ་ཟེར། ཞི་བདེ་རྒྱ་མཚོ་ཆེན་མོར་ཐོན་པའི་འགྱུར་ལྡོག་དེ་དག་གིས་རྐྱེན་པས་གནམ་གཤིས་ཀྱི་ཆོས་ཉིད་ལ་འགྱུར་བ་ཆེན་པོ་འགྲོ་བ་དང་། སྣང་ཚུལ་དེས་རྐྱེན་པས་རང་བྱུང་གནོད་འཚེ་ཚབས་ཆེན་པོ་ཐོན་གྱི་ཡོད། །

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1