ཀོང་ཏུང་གིས་སི་ཁྲོན་དཀར་མཛེས་ལ་ཁ་གཏད་རོགས་སྐྱོར་བྱས་ཏེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་ཀ་ཕྱོགས་ཡོངས་ནས་སྒྲུབ་འགོ་བརྩམས།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-24


            2014ལོ་ནས་འགོ་བརྩམས་ཏེ། ཀྲུང་དབྱང་གི་བཀོད་སྒྲིག་ལྟར་དུ་ཀོང་ཏུང་ཞིང་ཆེན་གྱིས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་ཁ་གཏད་རོགས་སྐྱོར་བྱས་ཏེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་ཀ་ཕྱོགས་ཡོངས་ནས་བསྒྲུབ་འགོ་བརྩམས་ཡོད། སྤྱི་ཟླ་3པའི་ཚེས་22ཉིན་གྱི་ཕྱི་དྲོར། ཞིང་ཆེན་གཉིས་ཀྱིས་ཁྲེན་ཏུའུ་རུ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་ཁ་གཏད་རོགས་སྐྱོར་བྱས་ཏེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏང་བའི་སྐོར་གྱི་མཉམ་འབྲེལ་གྲོས་ཚོགས་འཚོགས་ཤིང་། ཁ་གཏད་རོགས་སྐྱོར་བྱས་ཏེ་དཀར་མཛེས་ཁུལ་གྱི་སློབ་གསོ་འཕེལ་རྒྱས་དང་། ཆ་རྐྱེན་ལེགས་པའི་ཐོན་ལས་ཁྱད་ལྡན་གསོ་སྦྱོང་། ཤེས་ལྡན་མི་སྣའི་འབྲེལ་འདྲིས་སོགས་ཀྱི་ལས་ཀའི་འགན་འཁྲི་དང་ནང་རྐྱེན་ལ་གཅིག་གྱུར་སྒོས་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཡོད།

          ཝེ་ཧུང་གིས་ཀོང་ཏུང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དུས་ཡུན་རིང་པོར་སི་ཁྲོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་ཞིང་། ལྷག་པར་དུ་ཝུན་ཁྲོན་ས་འགུལ་ཆེན་པོ་བྱུང་དུས་སི་ཁྲོན་ལ་ལྷག་བསམ་ཟོལ་མེད་ཀྱིས་རོགས་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུས། ཁོང་གིས་ད་དུང་རང་བྱུང་ཁོར་ཡུག་དང་ལོ་རྒྱུས་ཆ་རྐྱེན། དངོས་ཡོད་གནས་ཚུལ་བཅས་དམིགས་བསལ་ལྡན་པའི་སི་ཁྲོན་བོད་ཁུལ་དུ་མིག་སྔར་ཡང་དམིགས་བསལ་གྱི་དཀའ་ངལ་དང་གནད་དོན་ལྷག་ཡོད། ཀོང་ཏུང་གིས་དཀར་མཛེས་ཁུལ་དུ་ཁ་གཏད་རོགས་སྐྱོར་བྱས་ཏེ་དཀར་མཛེས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་གོ་སྐབས་བཟང་པོ་བསྐྲུན་ཡོད་ཅེས་བསྟན། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1