གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༣ཚེས་༣༡ཉིན།

བོད་ཀྱི་དམངས་སྲོལ་བརྙན་འཕྲིན་ཟློས་གར་ཐོག་མ་<<སྦྲ་ནག་དུས་སྟོན།>>ཞེས་པ་པར་ལེན་བཟོ་སྐྲུན་ལས་ཀ་ཡོངས་སུ་འགྲུབ་ནས་འགྲེམ་སྤེལ་བྱེད་པའི་མཛད་སྒོ་འཚོགས།

              ཉེ་ཆར། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་རིག་གནས་ལུས་རྩལ་རླུང་བརྙན་འཕྲིན་ཅུས་ཀྱིས་གཏེར་ལེན་ཁ་གྲོང་ཁྱེར་གྱི་གཞོན་ནུ་ལོ་ཆུང་རིག་གནས་བྱེད་སྒོ་ལྟེ་གནས་སུ་བོད་ཀྱི་དམངས་སྲོལ་བརྙན་འཕྲིན་ཟློས་གར་ཐོག་མ་<<སྦྲ་ནག་དུས་སྟོན།>>ཞེས་པ་པར་ལེན་བཟོ་སྐྲུན་ཡོངས་འགྲུབ་བྱུང་ནས་འགྲེམ་སྤེལ་བྱེད་པའི་མཛད་སྒོ་འཚོགས་པ་རེད།


              <<སྦྲ་ནག་དུས་སྟོན།>>ཞེས་པ་འདི་ནི་མཚོ་ནུབ་བརྙན་འཕྲིན་ལས་ཁུངས་ཀྱིས་གསར་རྩོམ་དང་པར་ལེན་བཟོ་སྐྲུན་བྱས་པའི་ས་གནས་ཀྱི་ཁྱད་ཆོས་མཚོན་པའི་བརྙན་འཕྲིན་ཞིག་ཡིན་ཞིང་། བརྙན་འཕྲིན་འདི་དངོས་དོན་ཇི་བཞིན་འབྲི་བའི་སྒོ་ནས་ལོ་རྒྱུས་ཀྱི་གནས་ཚུལ་དངོས་དང་དམངས་ཁྲོད་ངག་རྒྱུན་སོགས་ཀྱི་དཔྱད་གཞིའི་རྒྱུ་ཆ་ཟུང་འབྲེལ་བྱས་ནས་ཕྱོགས་ཀུན་དང་ལྟ་ཕྱོགས་མང་པོའི་ཐོག་ནས་བོད་ཀྱི་སྲོལ་རྒྱུན་གྱི་སྦྲ་ནག་བཟོ་རྩལ་དང་སྤྱི་ཚོགས་ཀྱི་རིག་གནས་སྣ་ཚོགས་ཀྱི་ནང་དོན་མཚམས་སྦྱོར་བྱས་ཡོད་པ་རེད། བརྙན་འཕྲིན་འདི་ལ་སྔ་གཞུག་ཏུ་ཀྲུང་གོའི་ཕུལ་བྱུང་དངོས་མཚོན་གློག་བརྙན་གྱི་སྤྱི་ཚོགས་རིག་གནས་སྐོར་གྱི་བྱ་དགའ་ཨང་གསུམ་པ་དང་། སྐབས་དང་པོའི་ཨེ་ཤ་ཡའི་གློག་བརྙན་ཐུང་ངུ་དུས་ཆེན་གྱི་ཆེས་མཐོའི་བྱ་དགའ་གསེར་གྱི་མངར་འབྲས་མེ་ཏོག་བྱ་དགའ་ཞེས་པ། སྐབས་དྲུག་པའི་ཁྱུང་ཆེན་ནམ་འཕང་གཅོད་པ་ཞེས་པའི་མི་རིགས་སྐོར་གྱི་གསར་རྩོམ་ཨང་དང་པོའི་བྱ་དགའ་སོགས་ཐོབ་མྱངས་ཡོད། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1