རྔ་བ་ཁུལ་གྱི་རིམ་པ་ཁག་གིས་ཚོགས་ཆེན་ཉི་ཤུ་བར་སློབ་སྦྱོང་བྱས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།རྔ་བ་ཁུལ་གསར་འགྱུར་སྨྱན་སྦྱོར་ལྟེ་གནས། སྤེལ་དུས། 11-02




      ཏང་གི་ཚོགས་ཆེན་ཉི་ཤུ་བ་ནི་ཏང་དང་རྒྱལ་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པར་བསྐུལ་བའི་ལམ་སྟོན་གྱི་སྒྲོན་མེ་ལྟ་བུ་ཡིན་ལ། ལོ་བརྒྱ་གཉིས་ཀྱི་དམིགས་འབེན་བརྩོན་ལེན་བཅས་ལ་མངོན་པར་ཕྱོགས་པའི་དུས་མཚམས་སུ་འཚོགས་པའི་ཚོགས་འདུ་འགངས་ཆེན་ཞིག་ཡིན་པ་སྨོས་མ་དགོས། ཉིན་ཤས་རིང་། རང་ཁུལ་གྱི་རིམ་པ་ཁག་གི་སྡེ་ཚན་སོ་སོས་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་བརྒྱུད་སྒྲོག་དང་སྦྱོང་བ་གནད་དུ་སྨིན་པར་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གོང་ནས་གོང་དུ་འཕེལ་བར་རྔ་བའི་སྟོབས་ཤུགས་ཕུལ་དང་འབུལ་བཞིན་ཡོད་དོ།།







 ཁུལ་སྒྲིག་བཤེར་ཨུ།  

      ཟླ་10ཚེས་27ཉིན་གྱི་ཕྱི་དྲོར། ཁུལ་སྒྲིག་བཤེར་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི(རྒྱས་འཛོམས)ཚོགས་འདུ་འཚོགས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་བརྒྱུད་སྒྲོག་དང་སྦྱོང་བ་གནད་དུ་སྨིན་པར་བྱས།  

 

    ཞིང་ཨུ་དང་ཞིང་ཆེན་སྒྲིག་བཤེར་ཨུ། ཁུལ་ཨུའི་ལས་ཀའི་བཀོད་སྒྲིག་དང་རེ་འདུན་བཅས་དོན་ཐོག་ཏུ་སྨིན་པར་མ་ཟད། ཁུལ་ཡོངས་ཀྱི་སྒྲིག་བཤེར་གྱི་མ་ལག་ལ་ཞིབ་འཇུག་ནན་མོར་བགྱིས་ཏེ། ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཕྱོགས་ཡོངས་ནས་བསྐྲུན་པར་རམ་འདེགས་བྱས།    


  ཆུ་ཆེན་རྫོང་།  



     ཟླ་10ཚེས་27ཉིན། ཆུ་ཆེན་རྫོང་གིས་སྐབས་བཅུ་གསུམ་པའི་རྫོང་ཨུའི་རྒྱུན་ཨུའི་ཚོགས་འདུ(རྒྱས་འཛོམས)ཐེངས་48པ་འཚོགས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་བརྒྱུད་སྒྲོག་དང་སྦྱོང་བ་གནད་དུ་སྨིན་པར་བགྱིས།  

 

      ཚོགས་འདུ་རུ་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་ལ་གོ་བ་ལེན་པ་དང་དོན་འཁྱོལ་བྱེད་པ། སློབ་སྦྱོང་བྱེད་པ་བཅས་གཞི་རྩར་བཟུང་སྟེ། ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་ལ་གོ་བ་ལེན་པ་སྔོན་དུ་བཏང་ནས་དགོངས་དོན་གྱི་རྩ་བ་སེམས་སུ་འཛིན་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་དོན་འཁྱོལ་བྱས་ཏེ་དགོངས་དོན་གྱི་རྩ་བ་རྒྱས་ཤིང་རྩེ་མོ་སྨིན་པར་བྱ་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་ལ་སློབ་སྦྱོང་བྱས་ཏེ་སློབ་སྦྱོང་དང་དྲིལ་སྒྲོག་གི་ཚ་རླབས་དགུང་དུ་འཕྱུར་བར་བྱ་དགོས།    


 

 རྔ་བ་རྫོང་།


      ཟླ་10ཚེས་27ཉིན་གྱི་ཕྱི་དྲོར། རྔ་བ་རྫོང་གིས་སྐབས་བཅུ་བཞི་བའི་རྫོང་ཨུའི་རྒྱུན་ཨུའི་ཚོགས་འདུ(རྒྱས་འཛོམས)ཐེངས་44བ་འཚོགས་ཏེ། རྫོང་ཡོངས་སུ་ཏང་གི་ཚོས་ཆེན་ཉི་ཤུ་བའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པར་མ་ཟད།  རྔ་བ་རྫོང་དུ་དོན་འཁྱོལ་ཇི་ལྟར་བྱེད་པའི་བསམ་འཆར་ལ་ཞིབ་འཇུག་གནད་དུ་འཐིང་བར་བགྱིས།  

 

    ཚོགས་འདུ་ལས། ཏང་གི་ཚོགས་ཆེན་ཉི་ཤུ་བའི་དོན་སྙིང་དང་གྲུབ་འབྲས་ལ་གོ་བ་གནད་དུ་སྨིན་པར་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་གྱི་ངོ་བོ་དང་ལྟེ་སྙིང་ལ་སློབ་སྦྱོང་བྱས་ནས་དྲིལ་སྒྲོག་དང་དོན་འཁྱོལ་བྱེད་དགོས་པའི་རེ་འདུན་བཏོན།  

 


 ཧུང་ཡོན་རྫོང་།


      ཟླ་10ཚེས་27ཉིན་གྱི་ཕྱི་དྲོར། ཧུང་ཡོན་རྫོང་གིས་སྐབས་བཅུ་གསུམ་པའི་རྫོང་ཨུའི་རྒྱུན་ཨུའི་ཚོགས་འདུ་(རྒྱས་འཛོམས)ཐེངས་34བ་འཚོགས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།  


 

      ཚོགས་འདུ་ལས། ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག དོན་འཁྱོལ་བྱེད་པ་བཅས་ནི། རྫོང་ཡོངས་ཀྱི་ད་ལྟ་དང་མ་འོངས་པའི་དུས་སྐབས་གཅིག་གི་ཆབ་སྲིད་འོས་འགན་དང་བོ་ཡིན། ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་ལས་ཀའི་སློབ་སྟོན་དུ་བཟུང་སྟེ། མི་རིགས་མཐུན་སྒྲིལ་ལ་བསྐུལ་བ་དང་ལྗང་མདོག་འཕེལ་རྒྱས་སུ་གཏོང་བ། ཏང་ནན་མོ་སྐྱོང་བ་སོགས་ཀྱི་ཐད་ནས་བྱས་རྗེས་བཞག་སྟེ། དཔལ་ཡོན་དང་འཆམ་མཐུན་གྱིས་ཕྱུག་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཧུང་ཡོན་གསར་བ་མྱུར་དུ་བསྐྲུན་པར་འབད་འབུངས་བྱེད་དགོས་པར་བསྟན།  


 མཛོད་དགེ་རྫོང་།


      ཟླ་10ཚེས་27ཉིན། ཀྲུང་གུང་མཛོད་དགེ་རྫོང་གིས་སྐབས་བཅུ་བཞི་བའི་རྫོང་ཨུའི་རྒྱུན་ཨུའི་ཚོགས་འདུ(རྒྱས་འཛོམས)ཐེངས་32པ་འཚོགས་ཏེ། རྫོང་ཡོངས་སུ་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས།   

 

      ཚོགས་འདུ་ལས། ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག དོན་འཁྱོལ་བྱེད་པ་བཅས་ནི། རྫོང་ཡོངས་ཀྱི་ད་ལྟ་དང་མ་འོངས་པའི་དུས་སྐབས་གཅིག་གི་ཆབ་སྲིད་ཀྱི་འོས་འགན་དང་བོ་ཡིན། ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་ལས་ཀའི་སློབ་སྟོན་དུ་བཟུང་སྟེ། མི་རིགས་མཐུན་སྒྲིལ་ལ་བསྐུལ་བ་དང་ལྗང་མདོག་འཕེལ་རྒྱས་སུ་གཏོང་བ། ཏང་ནན་མོ་སྐྱོང་བ་སོགས་ཀྱི་ཐད་ནས་བྱས་རྗེས་བཞག་སྟེ། དཔལ་ཡོན་དང་འཆམ་མཐུན་གྱིས་ཕྱུག་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཧུང་ཡོན་གསར་བ་མྱུར་དུ་བསྐྲུན་པར་འབད་འབུངས་བྱེད་དགོས་པར་བསྟན།   

  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1