བོད་ལྗོངས་ཉིང་ཁྲི་ས་ཁུལ་གྱི་ཉང་ཆུའི་སྐྱེ་ཁམས་སྲུང་སྐྱོང་བྱས་པའི་ཐད་ཕན་འབྲས་ཐོབ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-16


            ཉིང་ཆུ་ནི་བོད་ལྗོངས་ཉིང་ཁྲི་ས་ཁུལ་དུ་ཡོད་པའི་ཡར་ཀླུང་གཙང་བོའི་དབུས་རྒྱུད་ཀྱི་ཆུ་ལག་ཅིག་ཡིན་ལ། ཆུ་བོ་འདིའི་འབབ་རྒྱུད་ཀྱི་ནགས་ཚལ་ཁེབས་རྒྱ་ཕུན་སུམ་ཚོགས་ལ་ཆུ་བོ་དྭངས་ཤིང་སྔོ་བས། ཉིང་ཁྲི་ས་ཁུལ་དུ་སྐྱེ་ཁམས་སྲུང་སྐྱོང་ལེགས་པོ་བྱས་ཡོད་པ་མཚོན་ཐུབ། ཉེ་བའི་ལོ་འགའི་རིང་ཉིང་ཁྲི་ས་ཁུལ་གྱིས་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ས་ཁུལ་གསར་སྐྲུན་བྱ་རྒྱུ་སོགས་ཀྱི་གོ་སྐབས་དང་ཟུང་འབྲེལ་བྱས་ནས་ནུས་ཁུངས་གཙང་མ་གསར་སྤེལ་དང་། གཞུང་ལམ་སྲ་འགྱུར། ཆུའི་ཐོན་ཁུངས་སྲུང་སྐྱོང་སོགས་བྱེད་ཤུགས་ཆེ་རུ་བཏང་སྟེ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་སྐྱེ་ཁམས་ཁོར་ཡུག་གསར་སྐྲུན་བྱས། 2012ལོ་ནས་2014ལོའི་ལོ་མཇུག་བར་ས་ཁུལ་དེའི་གྲོང་ཚོ་316ལ་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་གྲོང་ཚོ་ཞེས་པའི་མཚན་སྙན་ཐོབ་པ་དང་། 2015ལོར་ཡང་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་རྫོང་གཉིས་གསར་དུ་འཕར་སྣོན་བྱུང་བ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1