བལ་ཡུལ་དུ་ཚད་རིམ་8.1ཅན་གྱི་ས་འགུལ་བྱུང་འདུག

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-25


            ཀྲུང་གོའི་ས་འགུལ་བརྟག་དཔྱད་ཁང་གིས་བརྟག་དཔྱད་བྱས་པ་ལྟར་ན། སྤྱི་ཟླ་4པའི་ཚེས་25ཉིན་གྱི་དུས་ཚོད་14དང་སྐར་མ་11གི་ཐོག བལ་ཡུལ་དུ་ཚད་རིམ་8.1(བྱང་འཕྲེད་ཚད་ཏུའུ་28.2དང་། ཤར་གཞུང་ཚད་ཏུའུ་84.7ཡིན།)ཅན་གྱི་ས་འགུལ་དྲག་པོ་བྱུང་ཞིང་། འགུལ་ཁུངས་ཀྱི་ཟབ་ཚད་ལ་སྟོང་སྨི་20ཡོད་པ་རེད། བལ་ཡུལ་གྱི་རྒྱལ་ས་ཀ་ཏ་མན་ཏུ་ས་འགུལ་གྱི་ཚོར་སྣང་ཤུགས་ཆེན་པོ་ཐེབས། བོད་ལྗོངས་ལྷ་ས་དང་གཞིས་ཀ་རྩེ་སོགས་སུའང་ས་འགུལ་གྱི་ཚོར་སྣང་བྱུང་འདུག་སྟེ། ས་གནས་དེ་གའི་པོད་ཕྲན་སྤྱོད་མཁན་གྱིས། ཁང་བརྩེགས་དྲུག་ཐོག་ནས་ས་འགུལ་བྱུང་བ་མངོན་གསལ་དོད་པོ་རེད། ཁང་བའི་ནང་གི་གློག་དང་ཅོག་ཙེ་སོགས་གཡོ་འགུལ་བྱེད་བཞིན་འདུག་ཅེས་བཤད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1