བོད་ལྗོངས་ཀྱིས་བོད་ཀྱི་ཕུལ་བྱུང་ཐང་ག་འགྲེམས་སྟོན་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 12-21


        ཟླ་12ཚེས་19ཉིན་བོད་རང་སྐྱོང་ལྗོངས་རིག་རྩལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་། ལྗོངས་མཛེས་རྩལ་མཁས་ཅན་མཐུན་ཚོགས་ཀྱིས་སྒྲུབ་འགན་འཁུར་བ། རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གིས་གཉེར་རོགས་བཅས་བྱས་པའི“མཐོང་གྲོལ”བོད་ཀྱི་ཕུལ་བྱུང་ཐང་ག་འགྲེམས་སྟོན་སྐབས་བརྒྱད་པ་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་གཉེར་བ་དང་འགྲེམས་ཡུན་ཉིན་5ཡིན་པ་རེད། སྐབས་འདིའི་འགྲེམས་སྟོན་དེ་སྲོལ་རྒྱུན་དང་དེང་རབས་ཁག་གཉིས་ལ་དབྱེ་བ་དང་བོད་ཀྱི་དེང་རབས་ཕུལ་བྱུང་ཐང་གའི་བརྩམས་ཆོས་50ལྷག་ཙམ་འགྲེམས་སྟོན་བྱས་པ་དེ་ཐོག་ནས་རང་ལྗོངས་ཀྱི་ལྷ་འབྲི་བ་ཆེ་མོ་དང་རི་མོ་མཁས་ཅན་ཚོས་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་འདུ་ཤེས་ཀྱི་མཛུབ་ཁྲིད་འོག་གསར་རྩོམ་བྱས་པའི་བརྩམས་ཆོས་རྩེ་གྲ་ཁག་གཅིག་གང་ལེགས་མཚོན་ཡོད་པ་རེད། འདི་ནི་གྲོང་མིས་འགྲེམས་སྟོན་བྱས་པའི་ཐང་གའི་བརྩམས་ཆོས་ལ་མྱོང་རོལ་བྱེད་བཞིན་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1