ཐོན་ལས་དར་རྒྱས་ཆེད་ནུས་ཤུགས་བཏོན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་རེའི་ཚགས་པར། སྤེལ་དུས། 12-21


        ད་ལོའི་ཟླ་4པར་བྲག་ཡིབ་ཆུས་སྦེ་པ་གྲོང་རྡལ་ལྷ་ཁ་གྲོང་ཚོས་ཡར་ཆབ་གངས་ནོར་སྐྱེ་ཁམས་གསོ་ཚགས་ཁུལ་གཏོད་འགོ་ཚུགས་ཤིང་། ལྷ་ཁ་གྲོང་ཚོར་ཕུན་སུམ་ཚོགས་པའི་རང་བྱུང་གསོ་ཚགས་ཀྱི་མཐུན་རྐྱེན་འཛོམས་ལ། དབྱར་དུས་ཀྱི་འབྲོག་ར་མུའུ་17856དང་དགུན་དུས་ཀྱི་འབྲོག་ར་མུའུ་9000ཡོད་པ་དག་ལྷོ་གདོང་རོང་དང་བར་མདོ་རོང་དུ་ཡོད། དེ་དང་ཆབས་ཅིག་ད་དུང་ཆེད་འགན་གསོ་ཚགས་པས་འབྲོག་ར་ལྟ་སྲུང་བྱེད་ཀྱི་ཡོད། ལྷ་ཁ་གྲོང་ཚོས་ས་གནས་དེ་གའི་ཐོན་ཁུངས་ཀྱི་ལེགས་ཆར་གཞིགས་ཏེ་ཚགས་ཤའི་ཐོན་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་འཚོལ་ཞིབ་དང་། གྲོང་མི་སྐྱེ་ཁམས་གསོ་ཚགས་ཀྱི་ལྷུ་ཚིགས་ཁག་ནང་ཞུགས་པར་ལྕག་སྐུལ། གཞི་ཁྱོན་ཚད་རན་པ་དང་མང་ཚོགས་འབབ་འཕར་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བ། ཕྱུགས་ཟོག་ཐོན་ཚད་མཐོ་རུ་ཏན་ཏིག་གཏོང་བ། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བ་བཅས་བྱས་ནས་སྐྱེ་ཁམས་གསོ་ཚགས་ཀྱི་ལམ་བུར་བསྐྱོད་དེ་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ཞིང་། འདི་ནི་ལྷ་ཁ་གྲོང་ཚོའི་ཆེད་བསྐོས་གསོ་ཚགས་པས་བར་མདོ་རོང་གི་དགུན་དུས་འབྲོག་རར་ཡར་ཆབ་གངས་ནོར་གྱི་ཕྱུགས་འཚོ་སྟངས་ལ་བརྟག་དཔྱད་བྱེད་བཞིན་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1