འཁྲུག་ཆ་དོད་པའི་ཞབས་བྲོ་འཁྲབ། འཚོ་བ་གསར་པ་ལོངས་སུ་སྤྱོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 06-28


འདི་ནི་གྲོང་མིས་རྫོང་རྒྱབ་ཀླུ་ཁང་དུ་ཞབས་བྲོ་འཁྲབ་བཞིན་པ།

        སྙན་པའི་རོལ་དབྱངས་དང་། འཁྲུག་ཆ་དོད་པའི་བྲོ་གར། དགའ་སྤྲོའི་འཛུམ་མདངས་བཅས་ཀྱིས་ཁེངས་པའི་ལྷ་སའི་རྫོང་རྒྱབ་ཀླུ་ཁང་དུ་མི་རྣམས་ཀྱིས་ཉམས་དོད་ཅིང་གསོན་ཤུགས་ལྡན་པའི་ཞབས་བྲོ་འཁྲབ་ནས་འཚོ་བ་གསར་པ་དང་དུས་རབས་གསར་པར་བསྔགས་བརྗོད་བྱེད་བཞིན་མཆིས།

        རྒྱ་ཆེའི་གྲོང་མི་མང་ཚོགས་ལ་ཁྲིད་སྟོན་བྱས་ཏེ་ལུས་སྦྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་དམངས་ཡོངས་ཀྱི་ལུས་སྦྱོང་ལས་འགུལ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ལྷ་ས་གྲོང་ཁྱེར་གྱིས་སྡེ་ཁུལ་དང་སྤྱི་གླིང་སོགས་སུ་ཡོད་པའི་དམངས་ཡོངས་ཀྱི་ལུས་སྦྱོང་ས་ཚིགས་50ལྷག་ཙམ་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ནས། གྲོང་མིར་ལུས་སྦྱོང་བྱ་ཡུལ་དེ་བས་ལེགས་པ་མཁོ་འདོན་བྱས་པ་དང་མི་དམངས་མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་སྣང་ཆེ་རུ་བཏང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1