མཛོད་དགེ་རྫོང་གིས6.26རྒྱལ་སྤྱིའི་དུག་འགོག་དྲིལ་སྒྲོག་ཉིན་མོའི་བྱེད་སྒོ་སྤེལ།

དཔལ་མགོན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-28


        

        ཚེས26ཉིན་ནི་རྒྱལ་སྤྱིའི་དུག་འགོག་ཉིན་མོ་ཐེངས36པ་ཡིན་པས།  ཡོངས་ཁྱབ་ནས་རྫོང་ཨུ་དང་རྫོང་སྲིད་གཞུང་གི་མཛུབ་སྟོན་དགོངས་དོན་དོན་འཁྱོལ་མཐར་ཕྱིན་སྒོས།  རང་རེའི་རྫོང་གི་དུག་མེད་དཔེ་སྟོན་རྫོང་གསར་འཛུགས་ལས་དོན་སླར་ཡང་སྐས་རིམ་གསར་བར་འདེགས་ཆེད།  དུག་རྫས་མེད་ལ་བག་ཟོན་གཙིགས་འཛིན།  དུག་གནོད་སེལ་བ།  དག་ཞིང་སྲུང་བ།  བརྟན་བརླིང་སྲུང་བ།  བདེ་འཇགས་སྲུང་བ་བཅས་སྤྱི་ཁོག་གི་བླང་བྱ་ལྟར།  ཟླ6པའི་ཚེས26ཉིན།  རང་རེའི་རྫོང་གིས་མཛོད་དགེ་མཐོང་བ་ཀུན་སྨོན།  དུག་རྫས་གཏན་འགོག་གནས་མཆོག་ཅེས་པ་བརྗོད་དོན་གཙོ་བོར་བཟུང་སྟེ།  6.26རྒྱལ་སྤྱིའི་དུག་འགོག་དྲིལ་སྒྲོག་ཉིན་མོའི་བྱེད་སྒོ་སྤེལ།

        རྫོང་ཨུའི་རྒྱུན་ཨུ་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་བསོད་ནམས་འབྲུག་བྱེད་སྒོར་ཞུགས་ཏེ་གཏམ་བཤད་གནང་།  རྫོང་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་ལས་སྒྲུབ་པ་དང་དང་བླངས་པ་བྱེད་སྒོར་ཞུགས། བྱེད་སྒོར་བརྗོད་དོན་གཙོ་བོའི་རྒྱབ་ལྗོངས་ཇུས་འགོད་དང་འཕྲེད་ཡིག་བཀལ་བ།  འགྲེམ་པང་བཤམས་པ།  གཞོན་ནུ་ལོ་ཆུང་གི་རི་མོའི་བརྩམས་ཆོས་བཤམས་པ།  རྒྱུ་ཆ་དང་ལེགས་སྐྱེས་སྟེགས་བུ་དང་ཤེས་བྱའི་ལན་འཁེལ་བྱ་དགའ་སྟེར་ཁུལ་བསྐྲུན་པ་དང་སྦྲགས།  དུག་འགོག་དྲིལ་སྒྲོག་སྒྲ་ཐག་བཏང་བ་སོགས་ཀྱི་ལམ་ནས།  འགྲོ་འོང་མང་ཚོགས་ལ་རྒྱུན་མཐོང་གི་དུག་རྫས་དང་དུག་རྫས་གསར་བ།  བསྲེས་སྦྱོར་དུག་རྫས་བཅས་ཀྱི་རིགས་དང་ཁྱད་ཆོས་ངོ་སྤྲོད་བྱས་ཤིང་།   དཔེར་མཚོན་གྱོད་དོན་དང་འབྲེལ་ཏེ་དུག་རྫས་ཀྱིས་མི་སྒེར་དང་ཁྱིམ་ཚང་། སྤྱི་ཚོགས་བཅས་ལ་བཟོ་བའི་གནོད་འཚེ་འགྲེལ་བཤད་བྱས་པར་མ་ཟད། ཇི་ལྟར་བག་ཟོན་འདུ་ཤེས་ཇེ་ཆེར་གཏོང་བ་དང་།  ཇི་ལྟར་དུག་རྫས་ངོས་འཛིན་དང་རིང་དུ་འདོར་བ་སོགས་མང་ཚོགས་ཀྱིས་དོ་ཁུར་གནང་བའི་གནད་དོན་རེ་རེ་ལ་འགྲེལ་ལན་བཏབ་པ་དང་སྦྲགས། རྒྱ་ཆེའི་མང་ཚོགས་ཀྱིས་དུག་རྫས་ངོས་འཛིན་དང་དུག་འགོག་ནུས་པ་ཆེར་བཏང་སྟེ།  དུག་རྫས་གཏན་འགོག་གིས་རང་གི་བཟའ་མི་དང་གཉེན་གྲོགས་སོགས་ལ་དུག་རྫས་སྔོན་འགོག་སློབ་གསོ་དང་དྲིལ་སྒྲོག་བྱེད་པ་དང་།  འཚོ་བའི་གོམས་གཤིས་བཟང་བོ་བསྐྲུན་པར་ཁ་ཏ་བྱས་ཏེ།  ཚང་མས་སྤྱི་བདེ་ལས་ཁུངས་ལ་འབྲེལ་ཡོད་དུག་འབྲེལ་གྱི་ཁྲིམས་འགལ་ཉེས་གསོག་ཁུངས་སྣེ་ཐེར་ཞུ་བྱེད་པར་སྐུལ་མ་གནང་།

        མཛོད་དགེ་རྫོང་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་གཞོན་པ་ཕུའུ་མོའུ་ཡིས་བཤད་རྒྱུར། དེ་རིང་ནི་ཟླ6པའི་ཚེས26ཉིན་ཏེ་རྒྱལ་སྤྱིའི་དུག་འགོག་ཉིན་མོ་ཡིན།  ང་ཚོའི་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ནམ་ཡང་འདི་ལ་མཐོང་ཆེན་གནང་།  ད་ལོར་ང་ཚོས་སླར་ཡང་ངར་ཤུགས་བསྐྱེད་དེ་ཞིང་ཆེན་ཡོངས་ཀྱི་དུག་མེད་དཔེ་སྟོན་རྫོང་གསར་འཛུགས་བྱེད་བཞིན་ཡོད།  ཐེངས་འདིའི6.26རྒྱལ་སྤྱིའི་དུག་འགོག་ཉིན་མོའི་དྲིལ་སྒྲོག་བྱེད་སྒོ་ལེགས་པར་སྤེལ་ཆེད།  ང་ཚོས་མཛོད་དགེ་རྫོང་གི་དུག་འགོག་རུ་ཆེན་དང་དུག་འགོག་གཞུང་ལས་ཁང་། ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས། འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་བཅས་སོགས་སྡེ་ཁག16དང་སྡེ་ཁུལ2དང་མཉམ་འབྲེལ་སྒོས།  མཉམ་དུ་དུག་འགོག་བརྗོད་དོན་གཙོ་བོའི་དྲིལ་སྒྲོག་བྱེད་སྒོ་སྤེལ།  དེའི་དམིགས་ཡུལ་དང་འགན་འཁུར་ནི་རྫོང་ཡོངས་ཀྱི་རོང་འབྲོག་མང་ཚོགས་ཀྱི་དུག་རྟོགས་དུག་འགོག་འདུ་ཤེས་ཇེ་ཆེར་བཏང་སྟེ།  གང་ཐུབ་ཀྱིས་རང་ཉིད་ཀྱི་རྒྱུ་ནོར་དང་ལུས་ཕུང་།  བདེ་འཇགས་བཅས་ལ་གྱོང་གུན་ཐེབས་པར་གཡོལ་ཏེ།  ང་ཚོའི་མཛོད་དགེ་རྫོང་གི་རྒྱུན་མཐུད་དང་འཆམ་མཐུན།  བརྟན་བརླིང་བཅས་ཀྱི་ཆེད་དུ་བྱས་རྗེས་གང་ལེགས་འཇོག་ཆེད་ཡིན་ཟེར།

        མཛོད་དགེའི་དུག་མེད་དཔེ་སྟོན་རྫོང་གསར་འཛུགས་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་ཁྲེན་ལུང་གིས་བཤད་རྒྱུར།  ང་ཚོས་རྫོང་ཨུ་དང་རྫོང་སྲིད་གཞུང་གི་བཀོད་སྒྲིག་ལྟར།  འབྲེལ་ཡོད་དུག་འགོག་ལས་སྒོ་སྤེལ་བ་ཡིན།  རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱིས་རང་ངོས་ཀྱི་བག་ཟོན་འདུ་ཤེས་ཇེ་ཆེར་བཏང་ནས།  ཚེ་སྲོག་ལ་གཅེས་སྤྲས་དང་དུག་རྫས་དང་རིང་དུ་གྱེས་པ་དང་།  དུག་རྫས་ཀྱི་ཁུངས་སྣེ་ཤེས་རྟོགས་བྱུང་ན།  དུས་ལྟར110ལ་ཁ་པར་བཏང་སྟེ་ཐེར་ཞུ་གནང་རོགས་ཞུ་ཟེར།

        དུག་འགོག་ལས་དོན་ནི་མ་ལག་ལྡན་པའི་ལས་གཞི་ཞིག་ཡིན་པས།  སྤྱི་ཚོགས་ཀྱི་ཕྱོགས་སོ་སོ་ནས་མཉམ་དུ་འབད་པ་བྱེད་དགོས།  ཐེངས་འདིའི་བྱེད་སྒོར་འཕྲིན་གཏོང་སྡེ་ཁག་གི་འཕྲིན་ཐུང་སྟེགས་བུ་བརྒྱུད་དེ།  མཛོད་དགེའི་མངའ་ཁོངས་སུ་འགྲོ་འོང་བྱེད་པའི་མི་ལ་དུག་འགོག་དྲིལ་སྒྲོག་སྐོར་གྱི་ལག་ཁྱེར་ཁ་པར་གྱི་འཕྲིན་ཐུང་ཁྲི6ལྷག་བསྐུར་བ་དང་།  བསྡོམས་པའི་དུག་འགོག་ཚན་རིག་ཁྱབ་གདལ་གྱི་འབྲེལ་ཡོད་རྒྱུ་ཆ2000ལྷག་བཀྲམ།  ཐེངས་འདིའི་བྱེད་སྒོ་སྤེལ་བ་བརྒྱུད།  རྫོང་ཡོངས་ཀྱི་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་རྒྱུན་མཐོང་གི་དུག་རྫས་དང་དུག་རྫས་གསར་བ།  བསྲེས་སྦྱོར་དུག་རྫས་བཅས་ཀྱི་ངོས་འཛིན་སྔར་ལས་ཇེ་ཟབ་ཏུ་བཏང་སྟེ།  དུག་འགོག་འདུ་ཤེས་དང་ནུས་པ་ཇེ་ཆེ་དང་དུག་རྫས་དང་རིང་དུ་གྱེས་ཤིང་གཏན་འགོག་བྱེད་པའི་རང་སྲུང་བག་ཟོན་འདུ་ཤེས་ཇེ་ཆེར་བཏང་ནས།  ཚེ་སྲོག་ལ་གཅེས་སྤྲས་དང་དུག་རྫས་དང་རིང་དུ་གྱེས་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་བོ་བསྐྲུན།

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1