དཀར་མཛེས་སུ་མཛེས་ལྗོངས་འདི་འདྲ་ཡག་པོ་འདུག

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-13


        ཟླ་7པར། གངས་དཀར་རི་བོའི་ནུབ་ཕྱོགས་སུ་གནས་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་མདོ་གྲོང་ཁྱེར་གངས་དཀར་ཤང་གཡང་ལེགས་ཤིས་གྲོང་ཚོའི་མུ་ཟིའི་གྲམ་ཐང་ནི་གངས་དཀར་རི་བོའི་མཛེས་ལྗོངས་ལ་ལྟ་ས་ལེགས་ཤོས་དེ་ཡིན།




        རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4300ཙམ་ཡོད་པའི་རི་ལྡེབས་སུ་མུ་ཟིའི་དྲི་མ་ཤིན་ཏུ་ཆེ་བའི་ཆུ་མིག་ཞིག་ཡོད་ཅིང་། དེ་ནི་གྲོག་རོང་གི་ཟབ་སར་ཡོད་པའི་ཁ་དོག་མཛེས་ཤོས་ཀྱི་ཀལ་འགྱུར་མདོག་ལྡན་རྫིང་བུ་སྟེ་མུ་ཟིའི་གྲམ་ཐང་རེད། དེའི་ཀལ་འགྱུར་རྫིང་བུའི་ཆུའི་ནང་དུ་སྭེལ་ཧྭ་དང་ཀལ་ཧྭ་སོགས་རྫས་འགྱུར་དངོས་རྫས་འདུས་པས། ས་ངོས་སུ་རྫས་འགྱུར་སྙིགས་བསིང་བྱུང་ནས་གྲུབ་པ་དང་། རྒྱ་ཁྱོན་ལ་སྨི་900ལྷག་དང་ཞེང་ཚད་ལ་སྨི་100ལྷག་ཡོད། གོང་ནས་འོག་ཏུ་བང་རིམ་གསུམ་གྱི་ངོས་ནས་ཁ་དོག་སྣ་ལྔ་མངོན་ཡོད་ཅིང་། ལྷ་ཡུལ་ལ་འགྲན་པའི་མཛེས་ལྗོངས་གྲུབ་ཡོད།





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1