མཐོ་སྒང་གི་བརླན་ས་སྲུང་སྐྱོང་གི་དྲིལ་སྒྲོག་བྱེད་སྒོ་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས།མཛོད་དགེ་རྫོང་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས། སྤེལ་དུས། 08-01


        མཛོད་དགེ་རྫོང་གི2023ལོའི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལས་དོན་དོན་འཁྱོལ་མཐར་ཕྱིན་སྒོས།   དར་ཆ་མཐོར་སྒྲེང་ཞིང་དམངས་སེམས་གཅིག་ཏུ་སྒྲིལ་བ།   འཇོན་མི་གསར་བ་སྐྱོང་བ།  རིག་གནས་གསར་བ་སྤེལ་བ།  སྣང་བརྙན་གསར་བ་མངོན་པ་བཅས་ཀྱི་འགན་འཁྲི་ལ་དམ་པོར་དམིགས་ཏེ།  སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་གང་ལེགས་སྒོས།   དཔལ་ཡོན་སྐྱེད་སྲིང་དང་དཔལ་ཡོན་ལག་ལེན།   དཔལ་ཡོན་འཛུགས་སྐྱོང་བཅས་ལ་སྐུལ་འདེད་བཏང་སྟེ།   རྒྱུན་མི་ཆད་པར་མང་ཚོགས་ཀྱི་དཔལ་ཡོན་གྱི་བྱང་ཚད་དང་སྤྱི་ཚོགས་དཔལ་ཡོན་གྱི་ཆུ་ཚད་མཐོར་གཏོང་བ་དམིགས་ཡུལ་དུ་བཟུང་ནས།   འཛམ་གླིང་གི་མཐོ་སྒང་ན་འདམ་སྐྱེ་ཁམས་ཡུལ་སྐོར་བྱེད་ཡུལ་མཛེས་ཤོས་བསྐྲུན་པར་བསམ་བློའི་སྟོབས་ཤུགས་ཆེན་པོ་དང་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་བོ་འདོན་སྤྲོད་བྱེད་ཆེད།  ཉེ་ཆར་སི་ཁྲོན་མཛོད་དགེ་བརླན་ས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱིས་མང་ཚོགས་ཀྱི་བྱང་ཚད་མཐོར་གཏོང་རྒྱུ་གཞིར་བཟུང་སྟེ།  དཔལ་ཡོན་གྲོང་ཁྱེར་འཛུགས་སྐྱོང་གི་རྣམ་པ་ལེགས་སྐྲུན་སྒོས།   དྲིལ་སྒྲོག་ནུས་ཤུགས་སྔར་ལས་རྒྱ་བསྐྱེད་དེ།   མཛོད་དགེ་རྫོང་ཚོང་ལས་སྲང་ལམ་དུ་དཔལ་ཡོན་གྲོང་ཁྱེར་འཛུགས་སྐྱོང་གིས་མཐོ་སྒང་གི་བརླན་ས་སྲུང་སྐྱོང་བྱེད་ཅེས་པའི་དྲིལ་སྒྲོག་བྱེད་སྒོ་སྤེལ།

        བྱེད་སྒོར་དྲིལ་སྒྲོག་འཕྲེད་ཡིག་བཀལ་ཞིང་།  ཚན་རིག་ཁྱབ་གདལ་གྱི་དྲིལ་སྒྲོག་དངོས་རྫས་དང་སྒྲོག་ཤོག་བཀྲམ་པ་སོགས་ཀྱི་ལམ་ནས།    འགྲོ་འོང་མང་ཚོགས་ལ་བརླན་ས་སྲུང་སྐྱོང་གི་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་དྲིལ་སྒྲོག་སྒོས།   བརླན་སའི་འབྲེལ་ཡོད་ཤེས་བྱ་འགྲེལ་བཤད་དང་བརླན་ས་སྲུང་སྐྱོང་གི་དོན་སྙིང་གལ་ཆེན་མཚམས་སྦྱོར་བྱས་ཏེ།   མང་ཚོགས་ཀྱིས་བརླན་སར་རྒྱུས་ལོན་བྱེད་པ་དང་། བརླན་ས་སྲུང་སྐྱོང་བྱེད་པའི་ལུགས་སྲོལ་བཟང་བོ་ཆགས་པར་ཁྲིད་སྟོན་གནང་།

        ཐེངས་འདིའི་དྲིལ་སྒྲོག་བྱེད་སྒོ་སྤེལ་བ་བརྒྱུད།   མང་ཚོགས་ཀྱི་བརླན་སའི་ནུས་མང་གི་ཕན་ནུས་དང་སྐྱེ་ཁམས་རིན་ཐང་གལ་ཆེན་སྐོར་གྱི་རྒྱུས་ལོན་ཚད་ཇེ་ཟབ་ཏུ་བཏང་སྟེ།   ཕན་ནུས་ལྡན་པའི་སྒོ་ནས་སྤྱི་ཚོགས་ཀྱི་བརླན་ས་སྲུང་སྐྱོང་འདུ་ཤེས་ཆེར་བཏང་ཞིང་།   སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་སྒོས།   བརླན་ས་སྲུང་སྐྱོང་དང་སླར་གསོའི་དོན་སྙིང་གལ་ཆེན་ཆེར་བཏང་སྟེ།   ཞིང་ཆེན་རིམ་པའི་དཔལ་ཡོན་གྲོང་ཁྱེར་འཛུགས་སྐྱོང་བྱེད་པའི་རྣམ་པ་བཟང་བོ་བསྐྲུན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1