མཛོད་དགེ་རྫོང་ཨ་སྐྱིད་གྲོང་རྡལ་གྱིས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་དམ་འཛིན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་གནང་།

འཕྲིན་སྤེལ་བ། དཔལ་མགོན། རྩོམ་སྒྲིག་པ།སངས་རྒྱས་ནོར་བུ།ཡོང་ཁུངས། སྤེལ་དུས། 08-01


    རྫོང་ཨུ་དང་རྫོང་སྲིད་གཞུང་གིས་བཏོན་པའི་མཛོད་དགེ་རྫོང་གི་ཁྱིམ་གཞིས་གསུམ་གྱི་རྣམ་གྲངས་འཛུགས་སྐྲུན་སྐོར་གྱི་བླང་བྱ་དང་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་ཆེད།  ཨ་སྐྱིད་གྲོང་རྡལ་གྱིས་འགོ་ཁྲིད་ཨང་དང་པོའི་ལས་འགན་ལམ་ལུགས་དོན་འཁྱོལ་སྒོས།   དམིགས་ཡུལ་གཏན་འཁེལ་གྱིས་དོན་འཁྱོལ་དམ་འཛིན་དང་སེམས་ཁྲལ་འདུ་ཤེས་བསྐྲུན་ཏེ་དོན་འཁྱོལ་དམ་འཛིན་བྱེད་པ།  ཚད་ཐིག་བསམ་བློ་བསྐྲུན་ཏེ་དོན་འཁྱོལ་དམ་འཛིན་བྱེད་པ་བཅས་ཀྱི་སྒོ་ནས།   གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་ཀྱིས་དོན་འཁྱོལ་དམ་འཛིན་བྱས་ཏེ།   གཟབ་ནན་དང་ངོ་མ།  ཞིབ་ཚགས།   དོན་དངོས་དང་མྱུར་མོ་བཅས་ཀྱི་ལས་སྒྲུབ་ཀུན་སྤྱོད་ལམ་ནས།  གོམ་གང་སྔོན་ལ་སྤོ་བ་རྒྱུན་འཁྱོངས་ཀྱིས་རང་འགུལ་ངང་ལས་ལ་འབད།

    ཉེ་ཆར་ཨ་སྐྱིད་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་གཡའ་ལུང་སྡེ་བའི་གསར་བརྗེའི་རིག་གནས་མཛེས་སྡུག་གྲོང་སྡེར་ཁྱིམ་གཞིས་གསུམ་གྱི་རྣམ་གྲངས་འཛུགས་སྐྲུན་ལས་བགྲོད་ལམ་མཁྲེགས་སྒྱུར་དང་ཆུ་འབུད་སྦུག་དྲ་འདིང་བ།  གསར་བརྗེའི་རིག་གནས་རྟགས་མཚན་བཟོ་འགོད་སོགས་ཀྱི་གནས་ཚུལ་ལ་རིམ་བཤེར་གཏིང་ཟབ་སྒོས།   ཨར་ལས་ཀྱི་རྒྱུ་ཆ་དང་འཕྲུལ་ཆས།  ལས་ཡུན་སོགས་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་མོར་བྱས་ཏེ།   ཨར་ལས་ཕྱོགས་ཀྱིས་ངེས་པར་དུ་རྫོང་ཨུའི་འགོ་ཁྲིད་ཀྱི་བཀོད་སྒྲིག་ལྟར་གོ་རིམ་ལྡན་པར་རྣམ་གྲངས་ཀྱི་འཕེལ་རིམ་ལ་སྐུལ་འདེད་བྱས་ནས།  རྣམ་གྲངས་ཀྱི་སྤུས་ཀ་འགན་ལེན་དགོས་པ་ནན་གྱིས་བཤད།

    རྒྱུས་ལོན་བྱས་པ་ལྟར་ན།   2023ལོར་ཨ་སྐྱིད་གྲོང་རྡལ་གྱིས་རྣམ་གྲངས4འཛུགས་སྐྲུན་བྱེད་བཞིན་ཡོད་ལ།  བསྡོམས་པའི་མ་དངུལ་སྒོར་ཁྲི1409.6བཏང་བ། སྐོར་དང་པོའི་ཞིང་འབྲེལ་རྣམ་གྲངས3ཡོད་ཅིང་བསྡོམས་པའི་མ་དངུལ་སྒོར་ཁྲི1088བཏང་བ།   ད་ཆའི་བར་རྣམ་གྲངས1ལེགས་འགྲུབ་བྱུང་ཡོད།  སྐོར་གཉིས་པའི་ཞིང་འབྲེལ་རྣམ་གྲངས1ཡོད་ལ་བསྡོམས་པའི་མ་དངུལ་སྒོར་ཁྲི321.6བཏང་ཞིང་།  ད་ཆར་དུས་སྐབས་སྔ་མའི་ལས་དོན་ལེགས་འགྲུབ་བྱུང་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1