ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཞི་རིམ་དུ་སྒྲོག་འགྲེལ་ལེགས་པོས་རྩ་བ་ཚུགས་སུ་བཅུག

འཕྲིན་སྤེལ་བ། དཔལ་མགོན། བཀྲ་ཤིས་ལྷ་མོ། རྩོམ་སྒྲིག་པ།སངས་རྒྱས་ནོར་བུ།ཡོང་ཁུངས། སྤེལ་དུས། 08-02


    སི་ཁྲོན་ཞིང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་། རྔ་བ་ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་གང་ལེགས་བྱེད་ཆེད།  ཉིན་ཤས་རིང་མཛོད་དགེ་རྫོང་གི་རྨ་ཆུའི་བརྩེ་སེམས་སྒྲོག་འགྲེལ་ཚོགས་པ་སྡེ་ཁུལ་དང་ལས་ཁུངས། ཁེ་ལས། གྲོང་གསེབ་བཅས་སུ་སྐྱོད་དེ། སྒྲོག་འགྲེལ་བྱེད་སྟངས་དང་སྒྲོག་འགྲེལ་ནང་དོན། སྒྲོག་འགྲེལ་སྨྱན་སྦྱོར་བཅས་ཐད་ནས་གསར་གཏོད་དང་རིག་ལམ་གསར་བརྗེ་སྒོས། གཞུང་ལུགས་བརྒྱུད་སྒྲོག་གི་མཐའ་མའི་འགག་གནད་བརྒལ་ནས། སློབ་སྦྱོང་གི་ཚ་རླབས་འཕྱུར་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཞི་རིམ་དུ་རྩ་བ་ཚུགས་ཤིང་འབྲས་བུ་སྨིན་དུ་བཅུག

    མཛོད་དགེ་རྫོང་གི་རྨ་ཆུའི་བརྩེ་སེམས་སྒྲོག་འགྲེལ་ཚོགས་པས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་གཉིས་པ། སི་ཁྲོན་ཞིང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། རྔ་བ་ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བཅས་ཀྱི་དགོངས་དོན་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་གྱི་ལས་དོན་དང་རྔ་བའི་ལས་དོན་ཐད་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བའི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བཅས་ཡོངས་ཁྱབ་ནས་དོན་འཁྱོལ་བྱེད་པའི་ཕྱོགས་གསུམ་ལ་དམ་པོར་དམིགས་ཏེ། གོ་བདེ་རྟོགས་སླའི་ལམ་ནས་རྫོང་གི་དོན་དངོས་ལ་གཞིགས་ཏེ། ཞིང་ཨུ་དང་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་དང་དམིགས་ཚད་ལས་འགན། གཙོ་གནད་བླང་བྱ་    བཅས་འགྲེལ་བཤད་གང་ལེགས་བྱས་པ་དང་། ཞིང་ཨུ་དང་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་དང་ཟུང་འབྲེལ་སྒོས། མཛོད་དགེ་རྫོང་གི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་ཐོན་ལས་འཕེལ་རྒྱས་དང་། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁོར་སྲུང་། མི་རིགས་མཐུན་སྒྲིལ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་ལས་དོན་ཡང་འགྲེལ་བཤད་ཞིབ་ཕྲ་སྒོས། ཡུལ་དངོས་ནས་འབྲེལ་འདྲིས་མཉམ་འགུལ་སྒོས་སྒྲོག་འགྲེལ་བྱས་པས།  མང་ཚོགས་ཀྱིས་སི་ཁྲོན་དང་མཛོད་དགེ་རྫོང་གི་འབྱུང་འགྱུར་གྱི་འཕེལ་རྒྱས་ལ་རྒྱུས་ལོན་ཞིབ་ཕྲ་བྱེད་དུ་བཅུག་སྟེ། རྗེས་ཕྱོགས་ཀྱི་ལས་ཀའི་ཁ་ཕྱོགས་དང་དམིགས་ཚད་ཇེ་གསལ་དུ་བཏང་།

    མཛོད་དགེ་རྫོང་སྟག་ཚ་གྲོང་རྡལ་སྐྱ་རེངས་སྡེ་ཁུལ་གྱི་ཀྲི་པུའུ་ཧྲུའུ་ཅི་ཐང་ཡོན་ཧུང་གིས་བཤད་རྒྱུར། དེ་རིང་ཞིང་ཨུ་དང་ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་བྱས་པས་ཕན་མང་བོ་ཐོགས། ཀྲི་པུའུ་ཧྲུའུ་ཅི་ཞིག་ཡིན་པའི་ངོས་ནས་སླད་ཕྱིན་གྱི་ལས་ཀའི་ཁྲོད་ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་དེ། དཀའ་ངལ་ཁྱད་གསོད་ཀྱིས་སྙིང་སྟོབས་ཆེར་བསྐྱེད་ནས་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་ནས། ཚང་མར་དགོངས་དོན་ཤེས་རྟོགས་ཐུབ་པར་འགན་ལེན་པ་དང་ཆབས་ཅིག ང་ཚོའི་གྲོང་མིས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ལ་གཅེས་སྤྲས་དང་སྲུང་སྐྱོང་ཡག་པོ་བྱེད་པར་འབོད་སྐུལ་བྱས་པ་ཡིན་ཟེར།

    སྒྲོག་འགྲེལ་བ་རྣམས་ཀྱིས་སྒྲོག་འགྲེལ་ཞིབ་ཚགས་གནང་སྟེ་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱིས་བློ་ལ་ངེས་པར་བྱས།   སྒྲོག་འགྲེལ་ཚོགས་འདུའི་ཡུལ་དངོས་སུ་སློབ་སྦྱོང་གི་རྣམ་པ་ལེགས་ཤིང་། ཚོགས་ཞུགས་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱིས་མཛོད་དགེ་རྫོང་གི་འཕེལ་རྒྱས་ཀྱི་མདུན་ལྗོངས་ལེགས་ཤིང་། ཚང་མས་ཞིང་ཨུ་དང་ཁུལ་ཨུའི་འགོ་ཁྲིད་ཚན་ཁག་གི་སྣེ་ཁྲིད་འོག འཛམ་གླིང་གི་ས་མཐོའི་བརླན་སའི་སྐྱེ་ཁམས་ཡུལ་སྐོར་བྱེད་ཡུལ་མཛེས་ཤོས་གང་མགྱོགས་སུ་བསྐྲུན་པར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་དང་རྨང་གཞིའི་ཁོར་ཡུག་ལེགས་སྒྱུར། ཡུལ་གྲོང་འཛུགས་སྐྲུན་དང་དཔལ་ཡོན་སྤྱོད་བཟང་དར་སྤེལ་བཅས་ལ་རམ་འདེགས་བྱེད་ངེས་ཡིན་པར་བསྟན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1