མཛོད་དགེ་རྫོང་ཁྲོན་ཀན་མཚོ་གསུམ་གྱི་ཕྱུགས་ལས་ཐོན་རྫས་སྣ་འཛོམས་ཉོ་ཚོང་ཁྲོམ་རའི་སྒོ་ཕྱེ་སྟེ་ས་ཁོངས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་གསར་བ་བསྐྲུན།

འཕྲིན་སྤེལ་བ། དཔལ་མགོན། རྩོམ་སྒྲིག་པ།སངས་རྒྱས་ནོར་བུ།ཡོང་ཁུངས། སྤེལ་དུས། 08-02


    མཛོད་དགེ་རྫོང་གི་ཕྱུགས་ཟོག་གསོ་སྤེལ་ཆ་འཕྲིན་བརྗེ་རེས་དང་ཕན་ཚུན་ལེགས་ཆ་ཁ་གསབ།  ཕྱུགས་ལས་འཕེལ་བར་སྐུལ་འདེད་གཏོང་བ་བཅས་སྔར་ལས་ཤུགས་ཆེར་བཏང་སྟེ།   སྤུས་ལེགས་ཞབས་ཞུའི་སྟེགས་བུ་བསྐྲུན་ནས།  ས་ཁོངས་ཀྱི་ཕྱུགས་ཟོག་ཉོ་ཚོང་ཁྲོམ་རའི་སྟོང་ཆ་བསྐངས་ཏེ།  ཞིང་ཕྱུགས་ཐོན་རྫས་འཁོར་རྒྱུག་ལམ་བུ་རྒྱ་བསྐྱེད་ཆེད།  ཟླ7པའི་ཚེས31ཉིན།  མཛོད་དགེ་རྫོང་ཁྲོན་ཀན་མཚོ་གསུམ་གྱི་ཕྱུགས་ལས་ཐོན་རྫས་སྣ་འཛོམས་ཉོ་ཚོང་ཁྲོམ་རའི་སྒོ་འབྱེད་མཛད་སྒོ་སྤེལ། རྫོང་ཨུའི་རྒྱུན་ཨུ་རྒྱུན་ལས་རྫོང་དཔོན་གཞོན་པ་ཀྲའོ་ཧྲོའུ་ཁྲུན་མཛད་སྒོར་ཞུགས་ཏེ་ཤིས་ཚིག་ཕུལ།  རྫོང་རིམ་པའི་འབྲེལ་ཡོད་སྡེ་ཁག་དང་ཡུལ་གྲོང་གི་འགན་བགོས་འགོ་ཁྲིད།  མཛོད་དགེ་རྫོང་ཕྱུགས་ལས་ཐོན་རྫས་ཀྱི་འབྲེལ་ཡོད་ཁེ་ལས་འཐུས་མི་བཅས་མཛད་སྒོར་ཞུགས།

    ཀྲའོ་ཧྲོའུ་ཁྲུན་གྱིས་མཛད་སྒོར་ཤིས་ཚིག་ཕུལ་བར་མ་ཟད་ཁྲོམ་རའི་སྒོ་དངོས་སུ་ཕྱེ་བར་བསྒྲགས།  ཁོང་གིས་མཛོད་དགེ་རྫོང་ཁྲོན་ཀན་མཚོ་གསུམ་གྱི་ཕྱུགས་ལས་ཐོན་རྫས་སྣ་འཛོམས་ཉོ་ཚོང་ཁྲོམ་རའི་སྒོ་ཕྱེ་བ་ནི།   མཛོད་དགེ་རྫོང་གི་ཐོན་ལས་འཕེལ་རྒྱས་ཀྱི་དོན་ཆེན་ཞིག་ཡིན་ལ།  འཛམ་གླིང་གི་མཐོ་སྒང་ན་འདམ་སྐྱེ་ཁམས་ཡུལ་སྐོར་བྱེད་ཡུལ་མཛེས་ཤོས་འཛུགས་སྐྲུན་མགྱོགས་སུ་གཏོང་བར་སྔར་ལས་ཕན་ནུས་འདོན།  ཉེ་བའི་ལོ་ཤས་རིང་མཛོད་དགེ་རྫོང་གིས་ཕྱུགས་གྲངས་ཉུང་དུ་བཏང་རུང་ཕྱུག་འགྱུར་ལམ་བུ་ཆུང་དུ་མི་གཏོང་བའི་འཕེལ་རྒྱས་རིག་ལམ་ལྟར།   ཡུལ་གྲོང་སོ་སོས་ཕྱུགས་གྲངས་ཀྱི་འོས་འཚམ་ཤོང་ཚད་དང་ཕྱུགས་གྲངས་ཉུང་གཏོང་གི་འཆར་གཞི་དབྱེ་ཕྲལ་སྒོས།   རོང་འབྲོག་མང་ཚོགས་ཀྱི་ལས་རིགས་དང་ཐོན་ལས་བསྒྱུར་བ་དང་།  ཉོ་ཚོང་ཁྲོམ་རའི་ཚད་ལྡན་གྱི་འགྲོ་སྲོལ་བརྒྱུད།   མཛོད་དགེ་རྫོང་གི་སྲོལ་རྒྱུན་གྱི་ཕྱུགས་ལས་ལེགས་སྒྱུར་མཐོར་འདེགས་ཡོང་བར་སྐུལ་འདེད་སྒོས།   ཕྱུགས་ལས་ཚད་ལྡན་ཅན་དང་གཞི་ཁྱོན་ཅན།   དེང་རབས་ཅན་བཅས་སུ་འཕེལ་བར་ཁྲིད་སྟོན་བྱས་ཡོད་པར་བསྟན།

    ཚོགས་ཞུགས་འགོ་ཁྲིད་དང་སྐུ་མགྲོན་གྱིས་མཉམ་དུ་ཁྲོམ་རའི་སྒོ་འབྱེད་རས་དར་བཅད།  མཛད་སྒོའི་ཡུལ་དངོས་སུ་མཛོད་དགེ་རྫོང་ཕྱུགས་ལས་ཐོན་རྫས་ཀྱི་འབྲེལ་ཡོད་ཁེ་ལས་འཐུས་མི་དང་མཛོད་དགེ་རྫོང་མཉམ་ལས་ཁང་གཉིས་ཀྱིས་ཕྱུགས་ཟོག་གསོན་པོའི་དུས་བཅད་ཚོང་ཟོག་ཉོ་ཚོང་གན་རྒྱ་བཞག་སྟེ།   ཁྲོམ་རའི་ཚོང་ཟོག་གི་ཐོན་ཁུངས་བརྟན་པོ་ཡོང་བར་འགན་བླངས།

    རྒྱུས་ལོན་པ་ལྟར་ན།  མཛོད་དགེ་རྫོང་ཁྲོན་ཀན་མཚོ་གསུམ་གྱི་ཕྱུགས་ལས་ཐོན་རྫས་སྣ་འཛོམས་ཉོ་ཚོང་ཁྲོམ་ར་ནི།  རྒྱལ་ཁབ་དངུལ་གཏོང་ཀུང་སིའི་འོག་གི་སི་ཁྲོན་ཞིང་ཆེན་རྒྱལ་ཁབ་དངུལ་གཏོང་དེང་རབས་ཞིང་ཕྱུགས་ཐོན་ལས་ཚད་ཡོད་ཀུང་སི་དང་།  སི་ཁྲོན་ཐང་རྒོད་གསར་སྦོལ་ཐེན་ཐང་ཞིང་ཕྱུགས་ཚན་རྩལ་ཚད་ཡོད་ཀུང་སི། མཛོད་དགེ་རྫོང་རྒྱལ་དབང་རྒྱུ་དངོས་དངུལ་གཏོང་དོ་དམ་ཚད་ཡོད་ཀུང་སི་བཅས་    ཕྱོགས་གསུམ་གྱིས་མཉམ་དུ་མ་དངུལ་བཏང་སྟེ་བཙུགས་ཤིང་།   སྤྱིའི་ས་ཁྱོན་མུའུ50ཟིན་ལ་བསྡོམས་པའི་མ་དངུལ་སྒོར་ཁྲི2000བཏང་བ།  སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ7397ཟིན་པའི་ཕྱུགས་ཟོག་གསོན་པོའི་ཉོ་ཚོང་ཁྲོམ་ར་ཡིན།   ཁྲོམ་ར་ནི་རྒྱལ་ལམ213པའི་འགྲམ་རྒྱུད་དུ་བཙུགས་པས་བཙུགས་གནས་ཀྱི་ལེགས་ཆ་མངོན་པར་གསལ་ཞིང་།  ཁྲོམ་རའི་ཕྱི་ནང་གི་སྒྲིག་ཆས་ཆ་ཚང་ལ་ས་ཁྱོན་རྒྱ་ཆེ་བ་བས།  ཁྲོན་ཀན་མཚོ་གསུམ་གྱི་ཕྱུགས་ལས་ཐོན་རྫས་ཉོ་ཚོང་གི་དགོས་མཁོ་སྔར་ལས་ལེགས་པར་སྐོང་ཐུབ་ལ།   ཁྲོམ་ར་དངོས་སུ་སྒོ་ཕྱེ་བ་དེས་ས་ཁོངས་ཀྱི་ཕྱུགས་ལས་ཐོན་ལས་འཕེལ་བར་དོན་སྙིང་གལ་ཆེན་ལྡན།

    མཛོད་དགེ་རྫོང་ནོར་མཛོད་མཉམ་ལས་ཁང་གི་ལས་འཛིན་འགོ་གཙོ་སྐལ་བཟང་སྐྱབས་ཀྱིས་བཤད་རྒྱུར།  དེ་རིང་མཛོད་དགེ་རྫོང་ཁྲོན་ཀན་མཚོ་གསུམ་གྱི་ཕྱུགས་ལས་ཐོན་རྫས་སྣ་འཛོམས་ཉོ་ཚོང་ཁྲོམ་རའི་སྒོ་ཕྱེ་བས། གཅིག་ནས་གཏན་འཇགས་ཀྱི་ཉོ་ཚོང་བྱེད་ས་ཡོད་ལ།  རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་སྤུས་ཀ་ལེགས་པའི་ཕྱུགས་ཟོག་གསོན་པོའི་ཉོ་ཚོང་ཞབས་ཞུ་འདོན་སྤྲོད་གནང་།  གཉིས་ནས་རྫོང་མི་དམངས་སྲིད་གཞུང་གིས་མི་དང་རྩ་དང་ཕྱུགས་བཅས་ཀྱི་དོ་སྙོམས་ལས་སྒོ་སྤེལ་བར་ཕན་ལ།  ཕྱུགས་གྲངས་ཉུང་གཏོང་གི་ཁ་གསབ་ནི་ཟོག་རེ་ལ་སྒོར100དང་ལུག་རེ་ལ་སྒོར30ཡོད་པས།  ཚོང་བ་མང་བོ་འགུག་ཐུབ་པར་མ་ཟད།  ཡོངས་གྲགས་ཀྱི་ཁྲོམ་རའི་རིན་གོང་འདོན་སྤྲོད་བྱེད་ཐུབ།

    ཉེ་བའི་ལོ་ཤས་རིང་མཛོད་དགེ་རྫོང་གིས་ནམ་ཡང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་སྒོས།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་གྱི་མཛུབ་སྟོན་དགོངས་དོན་གལ་ཆེན་དོན་འཁྱོལ་མཐར་ཕྱིན་བྱས་ཏེ།   རྨ་ཆུ་དང་རྒྱང་སྐྱོད།  རུ་སྤོ།  ཞིང་ལས་བཅས་རིག་གནས་རིགས་བཞི་སྔོག་འདོན་བྱས།   མཛོད་དགེ་རྫོང་ཁྲོན་ཀན་མཚོ་གསུམ་གྱི་ཕྱུགས་ལས་ཐོན་རྫས་སྣ་འཛོམས་ཉོ་ཚོང་ཁྲོམ་རའི་སྒོ་ཕྱེ་བ་ནི།  མཛོད་དགེ་རྫོང་གི་ཕྱུགས་ལས་ཐོན་རྫས་ལས་དོན་ལེགས་སྒྲུབ་སྒོས།   མཛོད་དགེའི་སྐམས་ཤ་དང་བོད་ཀྱི་ལུག་ཤ  བོད་ཀྱི་ཕག་ཤ་བཅས་ཀྱི་ཚོང་རྟགས་བསྐྲུན་པར་རྨང་གཞིའི་འགན་ལེན་འདིང་ཆེད་ཡིན་ལ།  མཛོད་དགེས་ཕྱུགས་ལས་ལེགས་སྒྱུར་དང་མཐོད་འདེགས་མགྱོགས་སུ་གཏོང་བར་སྔར་ལས་སྒུལ་ཤུགས་ཆེན་པོ་བསྐྲུན་ཆེད་ཡིན།

    མཛོད་དགེ་རྫོང་རྒྱལ་ཁབ་དངུལ་གཏོང་ཀུང་སིའི་སྤྱི་གཉེར་བ་ཞི་ཅན་མིང་གིས་བཤད་རྒྱུར།  དེ་རིང་ང་ཚོའི་ཁྲོན་ཀན་མཚོ་གསུམ་གྱི་ཕྱུགས་ལས་ཐོན་རྫས་སྣ་འཛོམས་ཉོ་ཚོང་ཁྲོམ་རའི་སྒོ་ཕྱེ་ཡོད།  རྫོང་ཨུ་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་ཡང་དག་འོག  ཁྲོམ་ར་གསར་གཏོད་ཀྱི་སྟེགས་བུའི་ཕན་ནུས་འདོན་སྤེལ་གང་ལེགས་སྒོས།  མི་སེར་གྱི་ཕྱུགས་གྲངས་ཉུང་དུ་བཏང་རུང་ཡོང་འབབ་ཉུང་དུ་མི་གཏོང་བ་མངོན་དུ་འགྱུར་བར་འབད་དེ།  རྩྭ་ཐང་གི་སྐྱེ་ཁམས་མ་ལག་གི་འཁོར་རྒྱུག་བཟང་བོ་མངོན་འགྱུར་སྒོས།  མི་དང་རང་བྱུང་ཁམས་གཉིས་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་གསར་བ་བསྐྲུན་པར་འབད་རྒྱུ་ཡིན།

རྗེས་སོར་མཛོད་དགེ་རྫོང་གིས་ཁྲོན་ཀན་མཚོ་གསུམ་གྱི་ཕྱུགས་ལས་ཐོན་རྫས་སྣ་འཛོམས་ཉོ་ཚོང་ཁྲོམ་ར་གོ་སྐབས་སུ་བཟུང་སྟེ།   ཕྱིན་ཆད་ཀྱི་འཕེལ་རྒྱས་ཁྲོད་དོ་དམ་ལ་ཤུགས་སྣོན་དང་འཁོར་སྐྱོད་ཚད་ལྡན་དུ་གཏོང་བ།  ཡིད་རྟོན་བདག་གཉེར་དང་ཞབས་ཞུ་གནད་དུ་འཁེལ་བ།  སྔོན་ཐོན་གྱི་བདག་གཉེར་ལྟ་བ་དང་ཞབས་ཞུ་ལེགས་ཤོས་ཀྱི་ཚད་གཞིར་བརྟེན་ཏེ།  ཁྲོམ་རའི་གོ་སྐབས་སྔར་ལས་མང་བོ་འགུག་པ་དང་སྦྲགས།     མཉམ་འབྲེལ་གྱིས་ས་ཁོངས་ཀྱི་ཕྱུགས་ལས་ཚོང་རྟགས་བསྐྲུན་ཏེ།   ཞིང་ཕྱུགས་ཐོན་རྫས་ཚད་ལྡན་ཅན་དང་སྦགས་མེད་ཅན་ལྟར་ཐོན་སྐྱེད་བྱེད་པ་དང་།   སྤུས་ལེགས་ཅན་དང་ཁྱད་ལྡན་ཅན་ལྟར་ཕྱིར་འདྲེན་བྱས་ཏེ།   མཛོད་དགེ་རྫོང་ནི་ས་ཁོངས་ཀྱི་སྤུས་ཀ་ལེགས་ཤིང་ལས་ཆོད་མཐོ་བ།  འགྲན་རྩོད་ནུས་པ་ཆེ་བ་བཅས་ཀྱི་སྦགས་མེད་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་འདྲེན་བྱེད་ཡུལ་དུ་བསྒྱུར་རྒྱུ་རེད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1