རྫ་ཆུའི་ངོགས་ཀྱི་ལོ་ངོ་སྟོང་གི་ཚྭ་ཞིང་།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 08-14


འདི་ནི་མཁའ་དབྱིངས་ནས་བླངས་པའི་སྨར་ཁམས་ཀྱི་ཀ་སྟེང་ཚྭ་ཞིང་གི་པར་ཡིན་པ།

        བོད་ཀྱི་སྨར་ཁམས་རྫོང་འཇང་མི་རིགས་ཤང་གི་ས་ཁོངས་ཀྱི་རྫ་ཆུའི་ངོགས་གཉིས་སུ་ཡོད་པའི་སྨར་ཁམས་ཀྱི་ཀ་སྟེང་ཚྭ་ཞིང་དུ་ས་རྒྱུས་རྐྱེན་པས་ཤར་ངོགས་ནས་ཚྭ་དཀར་དང་ནུབ་ངོགས་ནས་ཚྭ་དམར་ཐོན་གྱི་ཡོད། སྨར་ཁམས་ཀ་སྟེང་གི་ཚྭ་ཞིང་ནི་ཇ་རྟའི་གནའ་ལམ་བརྒྱུད་བོད་དུ་ཡོང་སའི་ས་ཚིགས་དང་པོ་དེ་ཡིན་པ་དང་ལོ་ངོ་སྟོང་གི་ཚྭ་བཟོའི་ལག་རྩལ་ད་བར་དུ་རྒྱུན་འཛིན་བྱུང་ཞིང་། 2008ལོའི་ཟླ་6པར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་གཉིས་པའི་ནང་བཅུག་ཡོད། ད་ལྟ་དེ་གའི་ཚྭ་སྔར་བཞིན་མཐའ་འཁོར་གྱི་ས་གནས་ཁག་ཏུ་འཚོང་གི་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1