ཨུ་རུ་སུས་འཚོལ་ཞིབ་ཡོ་བྱད་འཕེན་གཏོང་ཐུབ་འདུག

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-14


        ས་གནས་དེ་གའི་དུས་ཚོད་ཚེས་11ཉིན། ཟླ་བའི་གོ་ལ་མི་མེད་འཚོལ་ཞིབ་ཡོ་བྱད་“ཟླ་བ་-25རྟགས་ཅན་”བསྒར་བའི་“མནའ་འབྲེལ་-2.1bརྟགས་ཅན་མེ་ཤུགས་འཕུར་མདའ་ཤར་ཕྱོགས་འཕེན་གཏོང་ཁུལ་ནས་འཕེན་གཏོང་བྱས་པ་རེད། 

        “ཟླ་བ་-25རྟགས་ཅན་”སྔོན་དཔག་བྱས་ན་ཉིན་10ནས་12བར་གྱི་རྗེས་སུ་ཟླ་བའི་གོ་ལའི་ལྷོ་སྣེའི་ཁུལ་དུ་འབབ་རྒྱུ་ཡིན་པ་རེད། ལམ་ལྷོང་བྱུང་ཚེ་དེ་ནི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་ཟླ་བའི་གོ་ལའི་ལྷོ་སྣེ་ཁུལ་དུ་འབབ་ཐེངས་ཐོག་མའི་འཚོལ་ཞིབ་ཡོ་བྱད་དུ་འགྱུར་གྱི་རེད། 

        འདི་ནི་ཨུ་རུ་སུས་ཟླ་བའི་གོ་ལར་འཚོལ་ཞིབ་ཡོ་བྱད་གཏོང་ཐེངས་ཐོག་མའང་རེད། “ཟླ་བ་-25རྟགས་ཅན་”གྱི་ལྗིད་ཚད་ནི་ཏུན་1.8ཡིན་པ་དང་། འཛིན་ཆས་འཕྲུལ་ཆས་ཁ་ལོ་བ་ཞིག་བསྒར་ཡོད་པས། ལི་སྨི་30ཡི་ཟབ་སར་ཟླ་བའི་གོ་ལའི་ས་རྒྱུའི་མ་དཔེ་སྔོག་འདོན་ཐུབ་ཀྱི་ཡོད། བརྟག་དཔྱད་དང་དབྱེ་ཞིབ་ཀྱི་རིགས་ཚང་མ་ཟླ་བའི་གོ་ལའི་སྟེང་དུ་སྤེལ་རྒྱུ་རེད། དབྱེ་ཞིབ་བྱས་འབྲས་སའི་གོ་ལར་སྐྱེལ་རྒྱུ་རེད། 

གཞན་ཡང་། ད་ཐེངས་ཀྱི་ལས་འགན་བརྒྱུད་དེ་མི་རྣམས་ཀྱིས་དེ་སྔ་སྐྱོད་ཐབས་བྲལ་བའི་ཟླ་བའི་གོ་ལའི་ཕྱི་ངོས་དུ་འབབ་པའི་ལག་རྩལ་ལ་ཞིབ་འཇུག་ཐུབ་སྲིད་ཅེས་བཤད་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1