ཁྱད་ལྡན་འདེབས་འཛུགས་འཕེལ་རྒྱས་བཏང་བ་ལས་ཡོང་འབབ་མང་དུ་ཕྱིན་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 08-22


འདི་ནི་ཆེད་ལས་ལག་རྩལ་པས་ས་གནས་ཀྱི་མང་ཚོགས་ལ་ཀོ་ཤ་དཀར་པོ་འཐུ་སྟངས་སློབ་བཞིན་པ།

        གནས་སྤོས་མང་ཚོགས་སྤོ་ཐུབ་པ་དང་། འཕེལ་རྒྱས་གཏོང་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་བྱ་ཆེད། 2022ལོའི་ཟླ་11པར་མེ་ཏོག་རྫོང་གིས་དགའ་ལྡན་གྲོང་ཚོར་ཡུལ་གཞན་དུ་གནས་སྤོས་གྲོང་ཚོའི་ནགས་གསེབ་ཐོན་ཁུངས་ཀོ་ཤ་དཀར་པོ་འདེབས་འཛུགས་རྣམ་གྲངས་ལག་ལེན་བསྟར་ཡོད། རྣམ་གྲངས་དེའི་རྒྱ་ཁྱོན་མུའུ་170ཟིན་པ་ལས་མིག་སྔར་མུའུ་40བསྐྲུན་ཟིན་ཞིང་། འདི་ལོའི་ཟླ་ལྔ་པར་ཀོ་ཤ་དཀར་པོ་འཐུ་འགོ་ཚུགས་ནས་མིག་སྔའི་བར་ཀོ་ཤ་དཀར་པོ་སྐམ་པོའི་ཐོན་འབབ་རྒྱ་མ་1700ཙམ་ཟིན་ནས་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་50ལྷག་ཙམ་བྱུང་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1