བརྒྱད་ཟིལ་རྫོང་ཡོན་ཏན་གྲོང་རྡལ་གྱིས་སློབ་ཆེན་སློབ་མ་གུང་གཞོན་ཚོགས་མིའི་དབྱར་གསེང་གི་སྤྱི་ཚོགས་ལག་ལེན་བྱེད་སྒོ་སྤེལ།

རྟ་མགྲིན་རྡོ་རྗེས་བསྒྱུར། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 09-11


བྱེད་སྒོའི་ནང་ཞུགས་པའི་སློབ་ཆེན་སློབ་མ་གུང་གཞོན་ཚོགས་མིས་གད་སྙིགས་གཙང་སེལ་བྱེད་བཞིན་པ།


ཉེ་ཆར། བརྒྱད་ཟིལ་རྫོང་ཡོན་ཏན་གྲོང་རྡལ་སྡེ་ཚོགས་ཨུ་ལྷན་གྱིས་ཁོངས་གཏོགས་ཁུལ་གྱི་ཕ་ཡུལ་དུ་ལོག་པའི་སློབ་ཆེན་སློབ་མའི་གུང་གཞོན་ཚོགས་མིར་འབྲེལ་མཐུད་ཧུར་ཐག་བྱས་ནས་དུས་ཡུན་ཉིན28རིང་གི་དབྱར་གསེང་སྤྱི་ཚོགས་ལག་ལེན་བྱེད་སྒོ་སྤེལ། རྒྱ་ཆེ་བའི་གུང་གཞོན་ཚོགས་མི་རྣམས་ཡུལ་སྡེ་འཛུགས་སྐྲུན་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་ཏེ་བྱ་སྤྱོད་དངོས་ཐོག་ནས་ཡུལ་སྡེ་དར་རྒྱས་གཏོང་བར་སྐུལ་འདེད་བཏང་བ་རེད།

གཞི་རིམ་དུ་དྲིལ་བསྒྲགས་བྱས་ནས་ལང་ཚོས་མཐུན་སྒྲིལ་བསྐྲུན། ཕ་ཡུལ་དུ་ལོག་པའི་སློབ་ཆེན་སློབ་མས་ཡོན་ཏན་གྲོང་རྡལ་ལན་ཕུའུ་ཙི་གྲོང་ཚོར“མི་རིགས་མཐུན་སྒྲིལ་སེམས་པ་སྦྲེལ།། སྐྱིད་སྡུག་ལས་དབང་གཅིག་པ་ཡིན།།”ཞེས་པ་གཙོ་དོན་བྱས་པའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཞིང་། སློབ་ཆེན་སློབ་མ་གུང་གཞོན་ཚོགས་མིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཀྱི་ཕུན་སུམ་ཚོགས་པའི་ནང་དོན་དང་དོན་སྙིང་གལ་ཆེན་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ་བྱ་སྤྱོད་དངོས་ཐོག་ནས་མི་རིགས་མཐུན་སྒྲིལ་ལ་རམ་འདེགས་བྱས་པ་རེད།

གཙང་སྦྲའི་ལས་དོན་སྤེལ་ནས་གཞིས་ཁྱིམ་གསར་པ་མཉམ་དུ་སྤྱོད། མཛེས་ཤིང་གཙང་ལ་སྐྱིད་སྣང་དོད་པའི་འཚོ་སྡོད་ཁོར་ཡུག་གཏོད་ཆེད། གྲོང་རྡལ་གྱི་ཏང་ཡོན་དང་བླངས་ཞབས་ཞུ་རུ་ཁག་གི་སྣེ་ཁྲིད་འོག་སློབ་ཆེན་སློབ་མ་གུང་གཞོན་ཚོགས་མིས་རྔུལ་ལེན་དམར་པོ་གྱོན་ནས་གྲོང་རྡལ་དེ་གའི་འཆམ་མཐུན་སྡེ་ཁུལ་དུ“ས་ཁོངས་ཧྲིལ་པོར་གད་སྙིགས་མེད་པ”ཡི་གཙང་སྦྲའི་བྱེད་སྒོ་སྤེལ་ནས་སྡེ་ཁུལ་ཕྱི་ནང་གི་ཁོར་ཡུག་ཁྱོན་ཡོངས་ནས་གཙང་སེལ་བྱས་པ་རེད།

སློབ་སྦྱོང་བྱས་ནས་མཐོང་རྒྱ་ཆེ་རུ་བཏང་སྟེ་ཕ་ཡུལ་ལ་བཅངས་པའི་བརྩེ་སེམས་ཟབ་ཏུ་བཏང་། སློབ་ཆེན་སློབ་མ་གུང་གཞོན་ཚོགས་མིས་ཤྭ་མོང་བཟོ་གྲྭའི་མུའུ་བརྒྱའི་སྔོ་ཚལ་རྟེན་གཞི་དང་ཡོན་ཏན་གྲོང་རྡལ་དུ་ཞིབ་འཇུག་སློབ་སྦྱོང་བྱེད་སྒོ་སྤེལ་ཞིང་། ཉག་ཆུའི་འགྲམ་དུ་མི་ཚང་མ་ས་ཞིང་དང་མུ་ཁར་བསྐྱོད་ནས་སྔོ་ཚལ་འཐུ་བར་བྲེལ་བཞིན་ས་ཆ་དེ་གའི་ལོ་ལེགས་ཀྱི་དགའ་སྤྲོར་མྱོང་རོལ་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་རྡལ་དེས་སློབ་ཆེན་སློབ་མ་གུང་གཞོན་ཚོགས་མིའི་དབྱར་ཁའི་གུང་གསེང་རིང་གི་སྤྱི་ཚོགས་ལག་ལེན་བྱེད་སྒོ་མུ་མཐུད་དུ་སྤེལ་ནས་བྱེད་སྒོ་སྤེལ་ཡུལ་དེ་ཕ་ཡུལ་དུ་ལོག་མཁན་སློབ་ཆེན་སློབ་མ་དང་ཕ་ཡུལ་དུ་ལོག་མཁན་གཞོན་ནུ་སོགས་སུ་རྒྱ་སྐྱེད་གཏོང་རྒྱུར་མ་ཟད། མཐོ་སློབ་དང་འབྲེལ་མཐུད་བྱས་ནས“གཤམ་སྤེལ་གསུམ”གྱི་ཚོགས་པ་བཙུགས་ཏེ་རིག་གནས་གཤམ་སྤེལ་དང་ཤེས་བྱ་གྲོང་ཚོར་སྐྱེལ་བ། དུད་ཚང་ལ་དྲོ་སྐྱིད་སྟེར་བ་བཅས་ཀྱི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1